ཉེ་བའི་ལོ་ཤས་རིང་།ཆུ་ཤུར་རྫོང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་དབང་པོ་སྐྱོན་ཅན་ལ་ཞབས་འདེཊ་ཞུ་བའི་དམིཊ་ཡུལ་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚབ་དང་།ཞབས་ཞུ།དོ་དམ་བཅས་ཀྱི་འགན་ནུས་ལག་བསྟར་ཧུར་ཐག་བྱེད་པ།སྲིད་ཇུས་ཁ་གསབ་དོན་འཁྱོལ་དང་།ལས་ཞུགས་རོཊ་སྐྱོར།རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པ།ཁེ་དབང་འགན་སྲུང་སོགས་ཕྱོགས་མང་པོའི་ཐད་ནས་འགོ་བཙུགས་ཏེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་རོགས་སྐྱོབ་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བར་མ་ཟད།ཆུ་ཤུར་རྫོང་གི་དབང་པོ་སྐྱོན་ཅན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཡང་བཏང་ཡོད།
ན་ནིང་གི་ལོ་མཇུག་ཏུ།ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་དུ་ཕྱིན་ནས་དབང་པོ་སྐྱོན་ཅན་ལ་ཕན་པ་ཐོབ་པའི་སྲིད་ཇུས་དྲིལ་བསྒྲཊ་ཧུར་ཐག་བྱས་པར་མ་ཟད།ཁོང་ཚོའི་འཚོ་བའི་གནས་ཚུལ་དང་དེ་བཞིན་འགོག་རྐྱེན་མེད་པའི་སྒྲིག་བཀོད་སྒྱུར་བཅོས་ཀྱི་གནས་ཚུལ་ཐད་ཤེས་རྟོཊ་ཞིབ་ཕྲ་བྱས་པ་རེད།རྭ་སྟོད་གྲོང་ཚོའི་ཡུལ་མི་ཉི་མ་ནི་ཀླད་སྐྱོན་ཕོག་པའི་ནད་པ་ཞིག་ཡིན་པས་རྒྱུན་ལྡན་གྱི་འཚོ་བར་སྟབས་མི་བདེ་བ་མང་པོ་ཡོད།2024ལོར་ཁོང་གིས་དབང་པོ་སྐྱོན་ཅན་གྱི་འགོག་རྐྱེན་མེད་པའི་སྒྱུར་བཅོས་རྣམ་གྲངས་རེ་ཞུ་བྱས་པ་རེད།ད་ཆ་ཉི་མའི་ཁྱིམ་དུ་སྲ་ཞིང་བརྟན་པའི་ལག་སྐྱོར་བཤང་གཅིན་གཏོང་ས་དང་སྟབས་བདེའི་ཉལ་ཁྲི་སོགས་རམ་འདེགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།
ཉི་མའི་ཨ་མ་ཟླ་བས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་ཞིབ་ཚགས་ལ་གནད་ལ་འཁེལ་བའི་སྒྱུར་བཅོས་དེ་དག་གིས་ང་ཚོའི་འཚོ་བར་སྟབས་བདེའི་རང་བཞིན་དང་བདེ་འཇགས་ཀྱི་རང་བཞིན་ཇེ་མཐོར་བཏང་བར་མ་ཟད།ང་ཚོའི་ཁུར་པོ་ཡང་ཆེས་ཆེར་ཡང་དུ་བཏང་ཡོད་ཅེས་བཤད།ཤེས་རྟོགས་བྱུང་བར་གཞིགས་ན།2024ལོར་ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤང(གྲོང་རྡལ)དང་ཁྲོམ་གཞུང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པའི་འབྲས་བུ་དང་2023ལོའི་དབང་པོ་སྐྱོན་ཅན་གྱི་འགུལ་རྣམ་བརྟག་དཔྱད་བྱས་པའི་གཞི་གྲངས་ལ་གཞིགས་ནས་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་ལ་འགོག་རྐྱེན་མེད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད།སྒྱུར་བཅོས་དེ་དག་གིས་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁོར་ཡུག་ལ་དངོས་འབྲེལ་ལེགས་བཅོས་ཆེན་པོ་བྱས་ཡོད།
དབང་པོ་སྐྱོན་ཅན་གྱི་བདེ་ཐང་ཁམས་གསོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་དང་།ཁོང་ཚོའི་འཚོ་བའི་རང་སྐྱོང་ནུས་པ་དང་སྤྱི་ཚོགས་མཉམ་འདྲེས་བྱེད་ཚད་མཐོ་རུ་གཏོང་ཆེད།ཆུ་ཤུར་རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དེ་2024ལོའི་ཟླ་5པར་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ་རེད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社