ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ལྷ་ས་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་2025ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་དེ་ལྷ་ས་གྲོང་ཁྱེར་གྱི་ལས་འགན་ཁག་དང་འབྲེལ་བ་ཡོད་པར་དམིགས་ཏེ་ལས་བགོས་སྔར་བས་ཁ་གསལ་དང་འགན་འཁྲི་ནན་དུ་བཏང་བ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་གྱི་ལྷ་ས་གྲོང་ཁྱེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲའོ་ཧུའེ་ཉན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན།རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་ལ། ལྷ་ས་གྲོང་ཁྱེར་འདི་ཉིད་ལྟེ་བའི་གྲོང་ཁྱེར་ཡིན་པའི་ངོས་ནས་ལས་དོན་ཁག་ནུས་ཆེའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་།ཕན་འབྲས་དངོས་ཐོན་པའི་འགན་འཁྲི་ལྕི་པོ་ཁུར་ཡོད། རིམ་ཁག་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་།
ལས་ཀའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་པ་སྟེ།
(པར་ངོས་གསུམ་པར་གཟིགས)(
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社