ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལོ་རེའི་བོད་ཀྱི་ལོ་གསར་ལ། ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ནི་གྲོང་མིའི་མེད་དུ་མི་རུང་བའི་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཡིན་ལ། འདི་ལོ་ཡང་དམིཊ་བསལ་ཞིག་མིན། ཟླ་2ཚེས་11ཉིན། 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱིས་ཆས་སྤྲས་སྔོན་སྦྱོང་ཐེངས་དང་པོ་བྱས་པ་དང་། འཆར་ལ་ཉེ་བའི་འཁྲབ་སྟོན་དངོས་ལ་ཕུན་སུམ་ཚོགས་པའི་ངང་སྔོན་སྦྱོང་ཐེངས་གཅིག་བྱས་པ་རེད།
ཉིན་དེའི་དགོང་མོར། འཁྲབ་སྟོན་པ་500ལྷག་ཙམ་གྱིས་ལེ་ཚན་གྱི་གོ་རིམ་ལྟར་ཆས་སྤྲས་སྔོན་སྦྱོང་བྱས་ཤིང་། ལེ་ཚན་རྩོམ་སྒྲིག་དང་འཁྲབ་ཁྲིད་པ་ཚོས་འཁྲབ་སྟོན་པ་རེ་རེ་བཞིན་རང་གནས་སུ་འགྲོ་རྒྱུར་མཛུབ་ཁྲིད་བྱས་པ་དང་། གློག་འོད་ཆེད་ལས་པས་གར་སྟེགས་ཀྱི་གནས་ཚུལ་ལ་གཞིཊ་ནས་གློག་འོད་ཀྱི་ཕན་འབྲས་ལེགས་སྒྲིག་བྱས་པ། གར་སྟེགས་ཚོད་འཛིན་པས་དུས་ཐོག་ཏུ་འཁྲབ་སྟོན་པ་བཀོད་སྒྲིག་བྱས་ནས་ཁོང་ཚོ་ཡང་དག་པའི་སྒོ་ནས་གར་སྟེཊ་ཐོག་བསྐྱོད་པ་དང་གར་སྟེཊ་ནས་མར་བབས་པར་འགན་ལེན་བྱེད་ཀྱི་ཡོད་པ་རེད། ལས་དོན་པ་ཡོངས་ཀྱིས་རང་རང་གི་འགན་འཁྲི་བསྒྲུབས་ནས་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་ཆས་སྤྲས་སྔོན་སྦྱོང་གི་ལས་ཀའི་ནང་ཞུགས་ཡོད་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社