分享按钮

གཡང་ཆགས་སྦྲུལ་ལོ་སྤྲོ་བས་བསུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རས་གྲ་སྒྲིག་ཨང་བསར་བྱས་པ།

པར་འདི་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རས་སྔོན་སྦྱོང་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གོ་ལ་ཧྲིལ་པོས་དོ་སྣང་བྱེད་པའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་ར་དེ་ཉིད་འགག་རྩའི་དུས་མཚམས་སུ་སླེབས་ཤིང་། ཡན་ལག་ཚོགས་རས་སྲོལ་རྒྱུན་གྱི་ལེ་ཚན་ལ་དེང་རབས་ཀྱི་གར་སྟེགས་བསྣན་ནས་ཀུན་གྱི་ཡིད་དབང་འཕྲོག་པའི་དཔྱིད་གསར་དུས་ཆེན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམ་རྒྱུར་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད།

ལྷ་ས་འདི་ཉིད་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ཐོག་མར་བདམས་པས། གང་དེའི་གར་སྟེགས་ཀྱང་འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཏན་འཁེལ་བྱས་ཤིང་། བོད་ཀྱི་ས་གནས་ཁག་ནས་ཡོང་བའི་འཁྲབ་སྟོན་པ་3000ལྷག་ཙམ་གྱིས་ཉིན་མཚན་དབྱེར་མེད་དུ་དཀའ་བ་དང་དུ་བླངས་ནས་སྦྱོང་བརྡར་བྱེད་པ་ནི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་གར་སྟེགས་སུ་བོད་ཀྱི་ཁྱད་འཕཊ་རང་བཞིན་མངོན་པར་བྱ་ཆེད་དང་། འཛམ་གླིང་ཡུལ་གྲུ་ཀུན་ལ་ཁ་བའི་ལྗོངས་ཀྱི་ཡུལ་གོམས་གཤིས་ལུཊ་ཉམས་སུ་མྱོང་དུ་འཇུག་ཆེད་རེད། ཡན་ལག་ཚོཊ་རའི་སྒྲ་སྙན་དཀྲོལ་གཏོང་བ་བསམ་དགས། ང་རང་དཔྱིད་གསར་དུས་ཆེན་དགོང་ཚོཊ་ཀྱི་གར་སྟེགས་སུ་འཛེཊ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། དེ་ནི་རྨི་ལམ་དུའང་རྨི་མི་སྲིད་པའི་བྱ་བ་ཞིག་རེད། འོན་ཀྱང་ད་ཆ་དོན་དངོས་སུ་གྱུར་ཟིན། ངས་གོ་སྐབས་རྩ་ཆེན་ལ་དམ་འཛིན་བྱས་ཏེ། ནུས་ཤུཊ་ཡོད་རྒུས་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་གོ་ལ་ཧྲིལ་པོའི་ལྟད་མོ་བར་ངོམ་རྒྱུ་ཡིན་ལ། རྒྱལ་ཡོངས་མི་དམངས་དང་དེ་བཞིན་འཛམ་གླིང་ཡུལ་གྲུ་ཁག་ཏུ་བཞུཊ་པའི་སྤུན་ཟླ་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་བཤད།

ལྷ་སའི་ཡན་ལག་ཚོགས་རའི་ལེ་ཚན་གྱི་ཇུས་འགོད་ལ། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་རིག་གནས་དང་དེང་རབས་ཀྱི་སྒྱུ་རྩལ་གཉིས་མཉམ་དུ་བསྲེས་ནས་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་ཐབས་བྱས་ཡོད་པ་དང་། ཇུས་འགོད་ཚོགས་པས་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་38གཅིག་ཏུ་འདུས་ནས་ངོ་མཚར་ཆེ་ལ་ནང་དོན་ཟབ་པའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམ་རྒྱུར་གྲ་སྒྲིག་བྱས་ཡོད། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་འཁྲབ་འཁྲིད་པ་ཡོན་ཏན་ནོར་བུས། ང་ཚོས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་གཙོ་བོར་བྱས་ནས་མཐའ་འཁོར་གྱི་དམངས་ཁྲོད་ལྷ་མོའི་སྒྱུ་རྩལ་ཚོགས་པ་གཅིག་ཏུ་བསྡུས་ཏེ། དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་གར་སྟེགས་སུ་ལྷ་མོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཚུལ་ར་འཕྲོད་བྱ་རྒྱུ་དང་། ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་ལ་བརྟེན་ནས་བོད་ཀྱིས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་ལུགས་མཚོན་པར་བྱ་རྒྱུ་ཡིན་ཞེས་བཤད།

ད་ཆ་ཉི་འོད་གྲོང་ཁྱེར་ལྷ་སས་སེམས་རྩ་འཁོལ་ཞིང་སྤོབས་པ་ཆེན་པོས་འཛམ་གླིང་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱེད་བཞིན་ཡོད་ལ། ཕྱོཊ་བཞི་མཚམས་བརྒྱད་ཀྱི་གྲོཊ་པོ་ཚོ་དང་མཉམ་དུ་ལག་གདང་སྦྲེལ་ནས་སྒྱུ་རྩལ་དང་མི་ཆོས་རིག་གནས་སྣ་ཚོཊ་མཉམ་དུ་བསྲེས་པའི་སྒྱུ་རྩལ་གྱི་སྟོན་མོ་ལ་ཞུགས་ཏེ་དཔྱིད་གསར་དུས་ཆེན་དགོང་ཚོཊ་ཀྱི་གར་སྟེཊ་སུ་ས་མཐོའི་རིག་གནས་ཀྱི་འོད་སྟོང་ཕྱོཊ་བཅུར་འཕྲོ་བའི་དུས་སྐབས་དེར་བདེན་དཔང་བྱ་རྒྱུ་དང་། རེ་བས་ཁེངས་ཤིང་མཛེས་སྡུག་ལྡན་པའི་ལོ་གསར་པ་མཉམ་དུ་བསུ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195571.html 1 གཡང་ཆགས་སྦྲུལ་ལོ་སྤྲོ་བས་བསུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རས་གྲ་སྒྲིག་ཨང་བསར་བྱས་པ། /enpproperty-->