分享按钮

ཤའོ་ཡིའུ་ཚའེ་ཡིས“རྒན་གྲས་གསུམ”དང་འཐབ་ས་མདུན་མའི་ལས་དོན་པར་འཚམས་འདྲི་གནང་བ།

ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས་པ།

ཟླ་1ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གཞི་རིམ་དུ་ཕེབས་ནས“རྒན་གྲས་གསུམ”དང་འཐབ་ས་མདུན་མའི་ལས་དོན་པར་འཚམས་འདྲི་གནང་ཞིང་། པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་གཡུ་ཐོག་ལམ་དུ་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་མཚམས་ཏེ། ཟླ་1ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་གཞི་རིམ་དུ་ཕེབས་ནས“རྒན་གྲས་གསུམ”དང་འཐབ་ས་མདུན་མའི་ལས་དོན་པར་འཚམས་འདྲི་གནང་ཞིང་། གྲོང་ཨུད་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྲིད་གྲོས།གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་དཀར་གཙང་ཁ་བཏགས་གཡོགས་པ་དང་འབྲེལ་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། དབྱིན་ཡུན་ཅེ། ལིན་ཡུང་། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། ཕེང་ཧྥེ་ཡུའེ། བློ་གསལ། པ་སངས་རྡོ་རྗེ། ཡུའེ་གོ་ཧུང་། ལིའུ་ལེང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 ཤའོ་ཡིའུ་ཚའེ་ཡིས“རྒན་གྲས་གསུམ”དང་འཐབ་ས་མདུན་མའི་ལས་དོན་པར་འཚམས་འདྲི་གནང་བ། 6 6 拉萨日报藏文 c195558.html 1 ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས་པ། /enpproperty-->