分享按钮

ཝང་ཆང་གིས་དུས་ཆེན་གོང་གི་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་27ཉིན་སྔ་དྲོར།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་རྒྱ་ཆེའི་གྲོང་མིར་ཐུགས་ཁུར་ཟབ་མོ་དང་དུས་ཆེན་གྱི་ཁྲོམ་རར་དོ་ཁུར་ཆེན་པོ་གནང་ནས་སྒོ་རྩིས་ཚོང་ཁང་དང་། གྲོང་མིའི་སྒོ་ར། ར་མོ་ཆེ་གཙུག་ལག་ཁང་། བོད་ཟས་ཁང་སོགས་སུ་ཕེབས་ཏེ།དུས་ཆེན་གོང་གི་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་།མཁོ་འདོན་འགན་ལེན། རིན་གོང་བརྟན་པོ་བཅས་ཀྱི་ལས་དོན་ཐད་བརྟག་དཔྱད་ཞིབ་འཇུག་གནང་བར་མ་ཟད།འབྲེལ་ཡོད་ཚན་པར་འཚམས་འདྲི་ཡང་གནང་བ་རེད།

ཝང་ཆང་ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་ཚོང་ཟོག་སྣ་ཚོགས་མཁོ་འདོན་བྱས་ཚུལ་དང་རིན་གོང་གི་ཤོག་བྱང་ལ་གཟིགས་ཞིབ་གནང་ཞིང་། སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ།ཤ་ཚལ་སྒོང་གསུམ་སོགས་འཚོ་བའི་མཁོ་ཆས་ནང་འདྲེན་གྱི་ཐབས་ལམ་དང་། གསོག་འཇོག་གི་གྲངས་ཚད། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 6 6 拉萨日报藏文 c195557.html 1 ཝང་ཆང་གིས་དུས་ཆེན་གོང་གི་ཁྲོམ་རའི་ཐོན་སྐྱེད་བདེ་འཇགས་དང་མཁོ་འདོན་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->