分享按钮

ཁ་ཐར་གྱིས་ཀྲུང་གོའི་གྲགས་རྟགས་རླངས་འཁོར་ལ་དགའ་པོ་བྱེད་པ།

ཉེ་བའི་ལོ་ཤས་རིང་། མཚོ་ཁུག་རྒྱལ་ཁབ་ཁ་ཐར་གྱིས་ཀྲུང་གོའི་གྲགས་རྟགས་རླངས་འཁོར་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་། སྲིད་གཞུང་གི་སྤྱི་པའི་འགྲིམ་འགྲུལ་སྡེ་ཚན་ནས་སྤྱིར་བཏང་གི་འཛད་སྤྱོད་པའི་བར་ཁ་ཐར་བ་དེ་བས་མང་བས་ཀྲུང་གོའི་རླངས་འཁོར་འདེམས་ཀྱི་ཡོད།

ཁ་ཐར་གྱིས་ཉེ་བའི་ལོ་ཤས་རིང་སྤྱི་པའི་འགྲིམ་འགྲུལ་ཁྱབ་ཁོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྲིད་ཇུས་བཏོན་པར་བརྟེན་ནས། 2024ལོར་ཀྲུང་གོས་ཁ་ཐར་ལ་རླངས་འཁོར་ཕྱིར་གཏོང་བྱེད་ཚད་མགྱོཊ་མྱུར་འཕར་ཡོད། ཁ་ཐར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་1པ་ནས་ཟླ་10པའི་བར་ཀྲུང་གོས་ཁ་ཐར་ལ་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དེ་དུས་མཚུངས་ལས་བརྒྱ་ཆ་71.6འཕར་བ་དང་ཕྱིར་གཏོང་ཐད་བསྡོམས་འབོར་ཨ་སྒོར་དུང་ཕྱུར་4.42ཟིན་ཡོད།

ཡུས་ཐུང་འགྲུལ་སྐྱེལ་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་དབུས་ཤར་ཁུལ་གྱི་སྤྱི་ཁྱབ་སྤྱི་གཉེར་བ་ཧྲེན་ཧུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་རིང་། ཡུས་ཐུང་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་888ཡིས་འགྲིམ་འགྲུལ་ལ་འགན་ལེན་ནུས་ལྡན་བྱས་ཤིང་། མི་མང་བའི་དུས་སུ་ཉིན་རེར་སྤོ་ལོའི་དབྱིངས་པ་མི་ཐེངས་ཁྲི་10ཙམ་བསུ་སྐྱེལ་བྱས་པར་མ་ཟད། འགྲན་བསྡུར་མཇུག་འགྲིལ་རྗེས་ས་གནས་དེ་གའི་སྤྱི་སྤྱོད་རླངས་འཁོར་ཐད་མུ་མཐུད་ནས་ཞབས་འདེགས་ཞུ་བཞིན་ཡོད། གཞན་ཡང་། ཁ་ཐར་རྒྱལ་ཁབ་སྐྱེལ་འདྲེན་ཀུང་སིས་ད་དུང་ཡུས་ཐུང་གི་ནུས་རྒྱུ་གསར་པའི་ཡང་བའི་རླངས་འཁོར་དང་གློག་སྒུལ་སློབ་འཁོར་སོགས་ནང་འདྲེན་བྱས་ནས་ཁ་ཐར་གྱི་སྤྱི་པའི་འགྲིམ་འགྲུལ་ཁྱོན་ཡོངས་ནས་གློག་སྒུལ་ཅན་དུ་འགྱུར་རྒྱུར་གྲ་སྒྲིག་བྱས་ཡོད།

2024ལོའི་ཟླ་12ཚེས་15ཉིན། ཡུས་ཐུང་དང་ཁ་ཐར་རྒྱལ་ཁབ་སྐྱེལ་འདྲེན་ཀུང་སིས་མ་རྩ་མཉམ་འཇོག་བྱས་ནས་བཙུགས་པའི་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭའི་ལས་འགོ་འཛུགས་པ་དང་རྨང་གཞི་འདིང་བའི་མཛད་སྒོ་ཁ་ཐར་རང་མོས་ཚོང་དོན་ཁུལ་དུ་འཚོགས་ཤིང་། འདི་ནི་ཁ་ཐར་གྱི་གློག་སྒུལ་ཚོང་སྤྱོད་རླངས་འཁོར་གྱི་སྒྲིག་སྦྱོར་བཟོ་གྲྭ་ཐོག་མ་དེ་ཡིན།

ཁ་ཐར་གྱི་འགྲིམ་འགྲུལ་བློན་ཆེན་མུའུ་ཧན་མོ་ཏེས་ཉིན་དེའི་རྨང་གཞི་འདིང་བའི་མཛད་སྒོའི་ཐོག་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭ་འཛུགས་རྒྱུ་དེ་ནི་ཁ་ཐར་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིཊ་ཚད་དང་མཐུན་ཡོད་ཅེས་བཤད། ཁ་ཐར་རང་མོས་ཚོང་དོན་ཁུལ་དོ་དམ་ཅུས་ཀྱི་དབུ་བཞུཊ་ལག་བསྟར་དཔོན་མུའུ་ཧན་མོ་ཏེས་ད་ཐེངས་ཀྱི་མཉམ་ལས་ཐོག་ནས་ཁ་ཐར་གྱིས་བཟོ་ལས་དང་འགྲིམ་འགྲུལ་གསར་གཏོད་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གལ་ཆེན་སྤོས་པ་མཚོན་གྱི་ཡོད་ཅེས་བཤད།

རླངས་འཁོར་སྤྱོད་པའི་ཁྱབ་ཁོངས་སུ་ཆི་རུའེ་རླངས་འཁོར་གྱི་མངའ་འོག་གི་ཅེ་ཐུའུ་ནི་ཁ་ཐར་གྱི་ཕྱིར་ཚོང་བྱེད་ཚད་འཕར་མགྱོཊ་ཤོས་ཀྱི་ཀྲུང་གོའི་གྲཊ་རྟཊ་རླངས་འཁོར་ཞིག་ཏུ་གྱུར་ཡོད། ཅེ་ཐུའུ་ནི་2023ལོའི་ཟླ་4པར་ཁ་ཐར་ཁྲོམ་རར་བཏོན་པ་དང་གྲཊ་ཅན་རླངས་འཁོར་རྣམ་པའི་ཅེ་ཐུའུ་T2ཕྱིར་ཚོང་བྱེད་ཚད་མགྱོཊ་མྱུར་འཕར་བ་ལས་2024ལོའི་གོང་གི་ཟླ་བ་11ནང་ཅེ་ཐུའུ་ཁ་ཐར་དུ་གྲཊ་རྟཊ་ཡོངས་ཀྱི་ཕྱིར་ཚོང་བྱེད་ཚད་ཀྱི་ཨང་རིམ་གསུམ་པ་དང་SUVཞིབ་ཕྲའི་ཁྲོམ་རའི་ཨང་རིམ་གཉིས་པར་སླེབས་ནས་ཁྲོམ་ར་བཟུང་ཚད་བརྒྱ་ཆ་12ལས་བརྒལ་ཡོད།

ཁ་ཐར་གྱི་ཅེ་ཐུའུ་རླངས་འཁོར་བདག་པོ་ཨ་པུའུ་ཏུའུ་ལས། ང་ཅེ་ཐུའུ་T2ལ་ཧ་ཅང་དགའ་པོ་ཡོད། ཕྱིའི་རྣམ་པ་ཡག་པོ་ཡོད་པར་མ་ཟད། ནུས་པ་ཡང་ཡག་པོ་འདུག ལྷག་པར་དུ་གཟའ་མཇུག་ཏུ་བྱེ་བགྲོད་དུ་བསྐྱོད་ན་ཧ་ཅང་འཚམ་པོ་ཡོད། གྱེན་གཟར་པོར་གནོན་ཤུགས་ཅི་ཡང་མེད། གཞན་ཡང་། ཁ་ཐར་གྱི་མི་མང་པོ་ཞིག་སྒར་སྡོད་དུས་ཚིགས་ལ་སླེབས་སྐབས་བྱེ་ཐང་དུ་ཟླ་བ་ཁ་ཤས་རིང་གུར་ཕུབ་ནས་སྡོད་ཀྱི་ཡོད། མི་ཚང་མར་བྱེ་བགྲོད་རླངས་འཁོར་གཅིག་དགོས་གལ་ཆེན་པོ་ཡོད་པས། ཅེ་ཐུའུ་T2ནི་གདམ་ག་ཡག་ཤོས་ཤིག་རེད་ཅེས་བཤད།

ཟླ་བ་གོང་མར་ཆེད་མངགས་སོ་ཏི་ཨ་རབ་ནས་ཏོ་ཧ་རུ་ཅེ་ཐུའུ་གྲགས་རྟགས་བྱེད་སྒོར་ཞུགས་པའི་རླངས་འཁོར་གྱི་བདག་པོ་ཧྥེ་སར་གྱིས། ངས་གྲགས་རྟགས་གཞན་པའི་བྱེ་བགྲོད་རླངས་འཁོར་གྱི་རྣམ་པ་དང་ཞིབ་བསྡུར་ཞིབ་ཕྲ་བྱས་མྱོང་། ཅེ་ཐུའུ་T2ཡི་རིན་གོང་འཚམ་པོ་ཡོད་པར་མ་ཟད། རིག་ནུས་ཀྱང་ཆེན་པོ་ལྡན་ཡོད། ད་ཆ། ཀྲུང་གོའི་གྲགས་རྟགས་རླངས་འཁོར་ཡང་སོ་ཏི་ཨ་རབ་ཀྱི་ཁྲོམ་རར་བཏོན་ཡོད་པས། ངས་ཀྲུང་གོའི་གྲགས་རྟགས་འདེམས་ངེས་ཡིན་ཞེས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ཏོ་ཧ་ནས་ཟླ་1ཚེས་4ཉིན་འབྱོར་བའི་གློག་འཕྲིན)

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194273.html 1 ཁ་ཐར་གྱིས་ཀྲུང་གོའི་གྲགས་རྟགས་རླངས་འཁོར་ལ་དགའ་པོ་བྱེད་པ། /enpproperty-->