分享按钮

ལྷོ་ཁོ་རེ་ཡའི་ཆོན་ལུའོ་ནན་ཏའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉ་འཛིན་གྲུ་གཟིངས་ཤིག་དིམ་ནས་མི་3རྐྱེན་ལམ་དུ་ཤོར་བ།

ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར་ལྷོ་ཁོ་རེ་ཡའི་ཆོན་ལུའོ་ནན་ཏའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉ་འཛིན་གྲུ་གཟིངས་ཤིག་བྲག་རྡོ་ལ་ཐུག་ནས་མཚོའི་ནང་དུ་དིམ་པའི་དོན་རྐྱེན་ཐོན་ནས་མི་3རྐྱེན་ལམ་དུ་ཤོར་ཡོད། ལྷོ་ཁོ་རེ་ཡའི་མུའུ་ཕུའུ་རྒྱ་མཚོའི་ཉེན་རྟོག་ཧྲུའུ་ཡིས།ས་གནས་དེ་གའི་དུས་ཚོད་ཉིན་དེའི་ཆུ་ཚོད་10དང་སྐར་མ་27(པེ་ཅིང་གི་དུས་ཚོད་ཆུ་ཚོད་9དང་སྐར་མ་27)ཙམ་ལ་མི་22བླུགས་པའི་ཉ་འཛིན་གྲུ་གཟིངས་ཤིག་ཆོན་ལུའོ་ནན་ཏའོ་ཤིན་ཨན་ཅུན་ཧེ་ཧྲན་མེན་ཁུ་ཅུའུ་གླིང་ཕྲན་གྱི་མཚོ་ཁོངས་སུ་བྲག་རྡོ་ལ་ཐུག་རྗེས་མཚོའི་ནང་དུ་དིམ་ནས་མི་3རྐྱེན་ལམ་དུ་ཤོར་ཡོད་ཅིང་། མི་སྣ་གཞན་དག་གྲུ་གཟིངས་དིམ་ཁར་རྒྱ་མཚོའི་ནང་དུ་མཆོངས་རྗེས་རྒྱ་མཚོའི་ཉེན་རྟོག་པ་དང་ཉེ་འགྲམ་གྱི་གྲུ་པས་བསྐྱབས་ཡོད། གནས་ཚུལ་ཐོན་པའི་རྒྱུ་རྐྱེན་ཞིབ་ཕྲར་སྔར་བས་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་ཅེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194270.html 1 ལྷོ་ཁོ་རེ་ཡའི་ཆོན་ལུའོ་ནན་ཏའོ་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉ་འཛིན་གྲུ་གཟིངས་ཤིག་དིམ་ནས་མི་3རྐྱེན་ལམ་དུ་ཤོར་བ། /enpproperty-->