分享按钮

གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》ལ་སློབ་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉིན་ཤས་གོང་།ཀྲུང་དབྱང་དྲིལ་བསྒྲགས་པུས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུ་རྒྱུ)དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པས་རང་གྲོང་དུ་སློབ་སྦྱོང་གི་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་ཡོད།ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པའི་ལྟེ་བའི་དོན་སྙིང་དང་།དགོངས་དོན་གྱི་ངོ་བོ།ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

ཚེས་19ཉིན་གྱི་སྔ་དྲོ།ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོ་མཉམ་དུ་འཛོམས་ནས་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་།ཁོང་ཚོས་དཔེ་སྐྲུན་བྱས་མ་ཐག་པའི《རྩ་གནད》ལག་ཏུ་ཁྱེར་ནས་སྤྲོ་སྣང་གིས་ཁེངས་ཤིང་དཔེ་ཆ་ལྟ་ཀློག་བྱེད་བཞིན་ཡོད་པ་རེད།《རྩ་གནད》ནང་རྒྱས་བཤད་གཏིང་ཟབ་དང་།གྲུབ་ཆ་ཚགས་ཚུད་པ།མ་ཡིག་དང་མ་རྩོམ་ལ་བསྟུན་པ།རྩོམ་སྲོལ་གསོན་ཉམས་ལྡན་ལ་བབ་ཆགས་པ་བཅས་ལྡན་པས་རྒྱ་ཆེའི་ཏང་ཡོན་དང་།ལས་བྱེད་པ།མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་དབང་གྲགས་ལྡན་པའི་ཟུར་ཁྲིད་ཀློག་དེབ་ཅིག་རེད།

རྒན་ཡོལ་ཞུས་པའི་ལས་བྱེད་པ་མིག་དམར་གྱིས་དེ་རིང་ང་ཚོས《རྩ་གནད》མཉམ་དུ་སློབ་སྦྱོང་བྱས་ནས་རིག་གནས་འཛུགས་སྐྱོང་དེ་རང་རྒྱལ་གྱི་ངོས་ནས་བརྗོད་ན་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པ་དང་ལྷ་སར་ཡུན་རིང་གི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད།ངས་ཕྲུ་གུ་ཚོར་རིག་གནས་སློབ་སྦྱོང་བྱེད་པའི་གལ་ཆེའི་རང་བཞིན་བཤད་དེ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་པར་བྱ་རྒྱུ་དང་།དེ་དང་ཆབས་ཅིག་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་ཞིག་དང་ལྷག་པར་དུ་རིག་གནས་དང་ཡུལ་སྐོར་འཐབ་ཕྱོགས་ཐོག་གི་ཁོངས་མི་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ང་ཚོའི་རྒྱལ་ཁབ་ལ་སེམས་ཁུར་བྱས་ཏེ་ང་ཚོའི་ཁྱིམ་གྱི་ཕྱི་རོལ་དུ་ཉི་འོད་དང་ནང་དུ་རིག་གནས་ཀྱི་འོད་སྣང་ལྡན་པར་བྱ་རྒྱུ་ཡིན་ཞེས་བཤད།

ཚེས་19ཉིན་གྱི་ཕྱི་དྲོ།ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་7པའི་ཐོག《རྩ་གནད》ལ་སློབ་སྦྱོང་གཏིང་ཟབ་བྱས་པ་རེད།

གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་སྤྱི་པའི་ཞབས་ཞུ་ཁོའོ་ཡི་ཁོའོ་ཀྲང་བདེ་གཡང་གིས་སྤྱི་པའི་ཞབས་ཞུ་ཚན་ཁག་གི་ངོས་ནས་བཤད་ན།ཐོན་རྫས་མཁོ་སྤྲོད་བྱེད་སྟངས་ལེགས་སུ་གཏོང་དགོས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་ཆབས་ཅིག་མི་དམངས་མང་ཚོགས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་དགོས་མཁོ་ཡང་སྣ་མང་ཅན་དང་རང་གཤིས་ཅན་གྱི་ཁྱད་ཆོས་མངོན་ཡོད།དེར་བརྟེན།སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་སྤུས་ཚད་མཐོ་བའི་རིག་གནས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྤྱི་པའི་ཞབས་ཞུའི་ཐོན་རྫས་སྣ་མང་ཅན་དུ་འགྱུར་བའི་མཁོ་འདོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་ཞབས་ཞུར་ཞུཊ་པར་ཁྲིད་སྟོན་དང་བསྔཊ་སྐུལ་བྱས་ཏེ་གྲོང་མི་མང་ཚོགས་ལ་སྣ་མང་ཅན་གྱི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།(བུ་ཆུང་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-24 6 6 拉萨日报藏文 c193368.html 1 གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སློབ་སྦྱོང་རྩ་གནད》ལ་སློབ་སྦྱོང་བྱས་པ། /enpproperty-->