分享按钮

ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཚད་ལོ་15བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱ་མ་དུང་ཕྱུར་ 1600ལས་བརྒལ་བ།

ཤིན་ཧྭ་གསར་འགྱུར་ཁང་ཧའར་པིན་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། 2024ལོར་ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར་1600.34ཟིན་ཡོད་པ་རེད།

ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཏི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་ཐོན་སྐྱེད་དེ་ལོ་ཉེར་གཅིག་བསྟུད་མར་ལོ་ལེགས་བྱུང་ཞིང་།འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར་1600ལས་ཐོག་མར་བརྒལ་ནས་ལོ་བདུན་བསྟུད་མར་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར་1500ཡན་བརྟན་པོ་བྱུང་བ་དང་ལོ་15བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཧེ་ལུང་ཅང་གིས་སྤུས་ཚད་མཐོ་བའི་རྨོད་གྲབས་དང་། ཚད་གཞི་མཐོ་བའི་དཔྱིད་འདེབས། ཞིབ་ཚགས་ཅན་གྱི་ཞིང་ཁ་དོ་དམ། ལས་ཕྱོད་ཆེ་བའི་སྟོན་བསྡུ། དེ་བཞིན་བརྒྱུད་རིམ་ཧྲིལ་པོར་གནོད་འཚེ་སྔོན་འགོག་བཅས་བྱས་པ་བརྒྱུད།རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་རྡོ་བརྟན་པོ་བསྐྲུན་ཡོད། ཀྲའོ་ཡོན་རྫོང་ཧོ་ཕིང་ཤང་ཧྭ་ཡོན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཧུང་ཝུའེ་ཡིས་ཐོག་མའི་དུས་སུ་དྲོད་ཚད་དམའ་བ་དང་ཉི་འོད་ཕོག་ཚད་ཉུང་བའི་གནམ་གཤིས་བསྟན་ཡོད་ཀྱང་ཆུ་ལུད་གཞི་གཅིག་ཅན་དང་ཞིབ་ཚགས་ཅན་གྱི་སོན་འདེབས་ལག་རྩལ་སྤྱད་པ་བརྒྱུད་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་རྒྱ་མ་2000ཡན་ཟིན་ཡོད་ཅེས་བཤད།

ཀྲའོ་ཡོན་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཀྲང་ཧུང་པི་ཡིས་ང་ཚོས་ཞིང་པར་ཞིབ་ཚགས་ཅན་གྱི་སོན་འདེབས་ལག་རྩལ་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་པ་དང་ས་འབུར་བཟོས་པའི་ཐོག་ཏུ་མ་རྨོས་ལོ་ཏོག་སྟར་པ་བྱས་ནས་བཏབ་ཏུ་བཅུག་པས་འདེབས་འཛུགས་བྱེད་མང་དུ་ཕྱིན་ནས་ཐོན་ཚད་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད། ང་ཚོས་ད་དུང་ཞིང་པར་མ་རྨོས་ལོ་ཏོག་སྐྱེ་རིང་གི་ཞིང་ལུད་རྒྱག་སྟངས་ལ་མཛུབ་ཁྲིད་བྱས་ཏེ་ས་ཚིགས་དང་། དུས་ཚོད། གྲངས་ཚད་བཅས་གཏན་འཁེལ་བྱས་ནས་ཞིང་ཆུ་འདྲེན་པར་བརྟེན་ཐོན་ཚད་བརྒྱ་ཆ་30ཙམ་འཕར་ཡོད་ཅེས་བཤད།

ཐོན་འཕར་ཐད་ཐོན་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱ་ཆེད།ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་2024ལོའི་ཞིང་ལས་སྐྱེ་དངོས་འདེབས་གསོའི་ལག་རྩལ་གྱི་ཕྱོགས་བསྒྲིགས་བཟོས་ཤིང་།ཞིང་ཆེན་ཡོངས་ཀྱི་འཚམ་ཁུལ་དུ་གཅིག་སྡུད་ཡུག་སྦྲེལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲན་མ་ཐོན་སྐྱེད་ཀྱི་སྤུས་ལེགས་ནུས་ཆེའི་འདེབས་གསོའི་ལག་རྩལ་སོགས་རྣམ་གྲངས་70ལྷག་ཙམ་ཁྱབ་གདལ་བཏང་བ་དང་། མུའུ་ཁྲི་5126ཟིན་པའི་སོན་འདེབས་ལག་རྩལ་དང་ཆུ་ལུད་གཞི་གཅིག་ཅན་གྱི་ལག་རྩལ་མུའུ་ཁྲི་212ཁྱབ་གདལ་བཏང་བར་མུའུ་ཁྲི་1606དང་མུའུ་ཁྲི་163འཕར་ཡོད་པ་རེད།

ཝུའུ་ཁྲང་གྲོང་ཁྱེར་མིང་ལེ་ཁྲའོ་ཞན་རིགས་ཤང་ཧུང་དབྱང་སྐྱེ་ལྡན་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འབྲས་ལས་སྣོན་འཁོར་ཁང་དུ་འཕྲུལ་ཆས་ཀྱི་སྒྲ་གྲགས་བཞིན་འདི་ལོའི་དུས་ཚིགས་གསར་པའི་འབྲས་ལས་སྣོན་བྱེད་བཞིན་ཡོད་པ་རེད།

མཉམ་ལས་ཁང་གི་ལས་འཛིན་པ་ཡུས་ཏེན་ཧུང་གིས་ང་ཚོས་མུའུ་ཁྲི་1.3གྱི་ཆུ་འབྲས་བཏབ་ནས་མཉམ་ལས་ཁང་གི་ལས་མི་དུད་ཚང་100ལྷག་ཙམ་ལ་འདེབས་འཛུགས་ལག་རྩལ་གྱི་མཛུབ་ཁྲིད་དང་དེ་བཞིན་ས་བོན་དང་སྐྱེ་ལྡན་ལུད་སོགས་མཁོ་འདོན་བྱས་ཡོད། མཉམ་ལས་ཁང་གིས་ཞིང་ལས་རྒྱུ་ཆ་སྡེབ་ཉོ་དང་འབྲས་སྡེབ་ཚོང་སོགས་ཀྱི་བྱ་ཐབས་བརྒྱུད་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད་ཅེས་བཤད། ཉེ་བའི་ལོ་ཤས་རིང་། ཧེ་ལུང་ཅང་ཞིང་ཆེན་གྱིས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་རིམ་སྤོར་གྱི་ལས་དོན་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་ཆེན་ཡོངས་སུ་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཐོ་འགོད་བྱས་པའི་ཞིང་པའི་མཉམ་ལས་ཁང་ཁྲི་8.4ཟིན་པ་དང་། རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་ཐོའི་མ་ལག་ལ་ཐོ་འགོད་བྱས་པའི་ཁྱིམ་ཚང་ཞིང་ར་ཁྲི་16ཟིན་ཡོད་པ་རེད།

དེ་དང་ཆབས་ཅིག་ཧེ་ལུང་ཅང་ཞིང་ཆེན་གྱིས་གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་1.2བསྐྲུན་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་བཏང་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192999.html 1 ཧེ་ལུང་ཅང་ཞིང་ཆེན་གྱི་འབྲུ་རིགས་ཐོན་ཚད་ལོ་15བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས་རྒྱ་མ་དུང་ཕྱུར་ 1600ལས་བརྒལ་བ། /enpproperty-->