分享按钮

སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན་སྐབས་བཞི་པ་ཀྲུང་གོའི་བར་སྣང་ས་ཚིགས་དང་། པེ་ཅིང་། ཨའོ་མོན་བཅས་སུ་དུས་གཅིག་ཏུ་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན་སྐབས་བཞི་པ་ཀྲུང་གོའི་བར་སྣང་ས་ཚིགས་དང་། པེ་ཅིང་། ཨའོ་མོན་བཅས་སུ་དུས་གཅིག་ཏུ་སྤེལ་ཞིང་། ལྷ་གྲུ་ཨང་19པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་འཁོར་ལམ་དུ་འགྲེམས་སྟོན་དང་འབྲེལ་བརྙན་ལམ་ཐོག་ནས་སྨོན་འདུན་ཞུས་པ་དང་། ལྷ་གྲུ་ཨང་17པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་པེ་ཅིང་དུ་གཞོན་ནུ་ལོ་ཆུང་དང་སྤེལ་རེས་མཉམ་འགུལ་བྱས་པ་རེད།

དེ་ནི་རང་རྒྱལ་གྱིས་གནམ་ས་གཉིས་སུ་དུས་གཅིག་ཏུ་སྤེལ་བའི་བྱེད་ཐབས་སྤྱད་ནས་པར་རིས་འགྲེམས་སྟོན་བྱེད་ཐེངས་དང་པོ་ཡིན་པ་རེད།

པར་རིས་འགྲེམས་སྟོན་དེ་ང་ནི་མེས་རྒྱལ་ལ་དགའ་ཞེས་པ་གཙོ་དོན་དུ་བྱས་ཏེ་ཟླ་7པའི་ཟླ་སྟོད་ནས་བཟུང་འཚོལ་བསྡུ་བྱེད་འགོ་ཚུགས་ཚུན། རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་མིང་ཐོ་བཀོད་པའི་བརྩམས་ཆོས་ཁྱོན་ཁྲི་2ཙམ་འབྱོར་བའི་ཁྲོད་ཀྱི་པར་རིས་75ཟླ་11པའི་ཟླ་དཀྱིལ་དུ་མཁའ་གྲུ་ཨང་བརྒྱད་པའི་ཟོག་འདྲེན་འཕུར་གྲུ་དང་མཉམ་དུ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་ཡོད།

སུམ་རྩེན་པར་རིས་འགྲེམས་སྟོན་བྱེད་འགོ་ཚུགས་ཡོད་ཅིང་། ཀྲུང་གོའི་བར་སྣང་ས་ཚིགས་སུ་ལས་ཀ་བྱེད་བཞིན་ཡོད་པའི་ལྷ་གྲུ་ཨང་19པའི་འཇིག་རྟེན་འཕུར་སྐྱོད་པས་འཁོར་ལམ་ཐོག་པར་རིས་དེ་དག་འགྲེམས་སྟོན་བྱས་པ་དང་འབྲེལ་བརྙན་ལམ་ཡང་བསྐུར་ཡོད། ཚེས་14ཉིན་གྱི་ཕྱི་དྲོ། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་ཝུའོ་མོན་བྱང་ཤར་ཐོག་བརྩེགས་ཁང་ཆེན་གྱི་འགྲེམས་ཁང་དུ་ལྷ་གྲུ་ཨང་17པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོཊ་ཆུང་དང་གཞོན་ནུ་ལོ་ཆུང་གི་འཐུས་མིས་མཉམ་དུ་བརྙན་ལམ་ལ་བལྟས་ཤིང་། གསོན་ཉམས་དོད་པོའི་རྒྱལ་གཅེས་ཀྱི་རྣམ་པ་དང་། ལང་ཚོའི་ཕུགས་འདུན། འགན་འཁྲི་འཁུར་ཕོད་པ་སོཊ་ཀྱི་ནང་དོན་མཚོན་པའི་པར་རིས་ཀྱི་བརྩམས་ཆོས་འགྲེམས་ཁང་གི་གཞོཊ་གཡས་གཡོན་གཉིས་སུ་དུས་གཅིག་ཏུ་འགྲེམས་སྟོན་བྱས་པ་རེད།

ལྷ་གྲུ་ཨང་17པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གི་བཀའ་བརྡ་དཔོན་ཐང་ཧུང་པོ་ཡིས་ཡུལ་དངོས་སུ་གཞོན་ནུ་ལོ་ཆུང་རྣམས་ལ་ལོ་རྒྱུས་ཀྱི་རྒྱུན་འཛིན་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད་ཅེས་བཤད།

འདིར་མཁའ་དབྱིངས་སུ་མྱུལ་བའི་ཀྲུང་གོའི་བར་སྣང་ས་ཚིགས་དང་། ཀྲུང་ཧྭར་སྲུང་སྐྱོབ་བྱེད་པའི་གནམ་ཐང་གྲུ་གཟིངས། གནའ་བོའི་ཕོ་བྲང་། ཐེན་ཐན་སོགས་ཡོད། ཨའོ་མོན་ཚན་རིག་ཁང་གི་བྱེད་སྒོ་སྤེལ་ཡུལ་དུ། ཨའོ་མོན་ཧའོ་ཅང་སློབ་འབྲིང་གི་ཞོར་གཏོགས་དབྱིན་ཚའེ་སློབ་གྲྭ་ནས་ཡོང་བའི་རི་མོ་བ་ཆུང་ཆུང་གིས་ལྟད་མོ་བ་ཚོར་རང་ཉིད་ཀྱི་བརྩམས་ཆོས《མེས་རྒྱལ་ལ་སྨོན་འདུན་ཞུ》ཞེས་པ་ངོ་སྤྲོད་བྱས་པ་རེད། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་25འཁོར་བ་དང་ཏག་ཏག་འཁེལ་བས་ལྷ་གྲུ་ཨང་19པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་བར་སྣང་ནས་སྨོན་འདུན་ཞུས་ཏེ་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་དར་དམངས་བདེ་ཡོང་བ་དང་ཨའོ་མོན་གྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།

ཤེས་རྟོཊ་བྱུང་བར་གཞིཊ་ན། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཐེབས་རྩ་ལྷན་ཚོགས་སོཊ་ཀྱི་ཚན་པས་མཉམ་འབྲེལ་བྱས་ཏེ་གནའ་བོའི་ཕོ་བྲང་ནས་སུམ་རྩེན་བར་གྱི་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རིག་ཁྱབ་གདལ་རིག་གནས་ཀྱི་བྱེད་སྒོ་སྤེལ་ཞིང་། ཉིན་དེར་ས་གནས་གཉིས་སུ་དུས་གཅིག་ཏུ་སུམ་རྩེན་པར་རིས་འགྲེམས་སྟོན་བྱེད་འགོ་ཚུཊ་པ་དང་། བྱེད་སྒོ་དེ་གཉིས་སྤྱི་དམངས་ལ་ཁ་ཕྱོཊ་ནས་2025ལོའི་ཟླ་1ཚེས་6ཉིན་བར་མུ་མཐུད་སྒོ་དབྱེ་ལྟ་སྐོར་བྱེད་ཆོག་གི་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192998.html 1 སུམ་རྩེན་ཕོ་བྲང་གི་པར་རིས་འགྲེམས་སྟོན་སྐབས་བཞི་པ་ཀྲུང་གོའི་བར་སྣང་ས་ཚིགས་དང་། པེ་ཅིང་། ཨའོ་མོན་བཅས་སུ་དུས་གཅིག་ཏུ་སྤེལ་བ། /enpproperty-->