(པར་ངོས་དང་པོར་མཐུད)ཕྱིས་འབྱུང་ང་ཚོས་ལས་དོན་པ་ཚང་མར་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་ཀྱི་འབྲེལ་ཡོད་ཤེས་བྱ་གསོ་སྦྱོང་བྱ་རྒྱུ་ཡིན་ཞེས་བཤད།
དེ་རྗེས་ཞིབ་བཤེར་ཚོགས་ཆུང་གིས་ཁྲའོ་ཐན་ཆའོ(གྲོང་ཤར་ཟ་ཁང)རུ་བསྐྱོད་དེ་ཐབ་ཚང་གི་སོལ་རླངས་གློག་སྒྱུར་གྱི་གནས་ཚུལ་ལ་གཙོ་གནད་ཐོག་དམིགས་ཏེ་ཞིབ་བཤེར་གཏིང་ཟབ་བྱས་པ་རེད། ཞིབ་བཤེར་ཞིབ་ཚགས་བྱེད་པ་དང་གློག་ཐབ་སྒྲིག་སྦྱོར་གྱི་ཚད་ལྡན་རང་བཞིན་དང་། འཁོར་སྐྱོད་ཀྱི་བརྟན་ལྷིང་རང་བཞིན། སྐུད་ལམ་གྱི་བདེ་འཇགས་རང་བཞིན་བཅས་ལ་ཞིབ་བཤེར་བྱས་ནས་གློག་སྤྱོད་བདེ་འཇགས་དྲ་བ་ཞིབ་ཚགས་བཟོས་པ་དང་། ཚོང་ཁང་ནང་གི་ཁ་འགྲེམས་བགྲོད་ལམ་གྱི་མཚོན་རྟགས་ཁ་གསལ་ཡོད་མེད། དེ་བཞིན་བདེ་འཇགས་ཐོན་སྒོ་ཤར་གཏོང་ཐུབ་མིན་བཅས་ལ་ཞིབ་བཤེར་བྱས་ནས་འཕྲལ་སྡོམ་དང་། ཁ་འགྲེམས་ནུས་ཆེ། བློས་འགེལ་ཆོག་པ་བཅས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རིམ་བཞིའི་བཀོད་འདོམས་པ་ཧོ་ཡའོ་ལན་གྱིས་དགུན་དུས་དྲོད་ཚད་དམའ་རུ་ཕྱིན་པ་དང་གློག་སྤྱོད་ཚད་རིམ་བཞིན་མང་དུ་ཕྱིན་པས་མེ་སྐྱོན་ཐོན་པའི་རྐྱེན་ངན་ཡང་ཡང་ཐོན་གྱི་ཡོད། དེར་བརྟེན་ཚད་དང་མཐུན་པའི་དྲོད་ལེན་སྒྲིག་ཆས་སྤྱོད་དགོས་པ་དང་། དྲོད་ཚད་གཏོང་ཆས་འབར་སླ་བའི་དངོས་པོ་དང་རིང་དུ་འཇོག་དགོས་པ་དང་། གློག་ཆས་ཀྱི་སྐུད་ལམ་ལ་དུས་བཀག་ལྟར་ཞིབ་བཤེར་བྱེད་དགོས་པ་དང་སྦྲགས། གློག་སྒུལ་སྦག་སྦག་རིགས་ཁྱིམ་དུ་གློག་གསོག་རྒྱུ་གཏན་འགོག་བྱེད་དགོས་ཞེས་བཤད་པ་རེད།
ཕྱིས་འབྱུང་། ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་དགུན་དུས་ཀྱི་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། མེ་སྐྱོན་ལ་གནོད་པའི་རྐྱེན་ངན་ལ་སྣང་ཆུང་མི་བྱེད་པར་བསྐྱར་ཞིབ་གཏིང་ཟབ་དང་ཞིབ་བཤེར་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མ་ཟད། མེ་ཟོན་དྲིལ་བསྒྲགས་དང་འཕྲལ་སྡོམ་ནང་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་མིའི་མེ་ཟོན་འདུ་ཤེས་དང་རྩལ་ནུས་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社