分享按钮

གཅིག་སྡུད་དྲོད་རླངས་ཀྱིས་བྱིས་པའི་གྲོང་གི་བྱིས་པར་དྲོ་སྐྱིད་སྦྱིན་པ།

(པར་ངོས་དང་པོར་མཐུད)ཆེད་ལས་ཨ་མ་3གྱིས་གཞོན་ནུའི་དོ་དམ་དང་སློབ་གསོའི་འགན་འཁུར་གྱི་ཡོད་པ་རེད། དྲོད་རླངས་མཁོ་འདོན་བྱས་རྗེས་ཀྱི་གཞོན་ནུའི་ལས་ཤག་ནང་སྐྱིད་སྣང་དོད་པའི་སྡོད་སའི་ཁོར་ཡུག་ཅིག་བཏོད་ནས་ཁོང་ཚོར་རང་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པར་བྱས་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཡང་ཚོར་ཐུབ་པར་བྱས་ཡོད།

ལྷ་སའི་S0Sབྱིས་པའི་གྲོང་གི་ཆེད་ལས་ཨ་ཅག་བློ་སྐྱིད་ཀྱིས་དྲོད་རླངས་མཁོ་འདོན་བྱས་རྗེས་དྲོད་ཚད་མིའི་ལུས་ཁམས་དང་འཚམ་པོ་ཡོད་པ་དང་། ལྷག་པར་དུ་གཟའ་མཇུག་དང་ངལ་གསོའི་སྐབས་སློབ་མ་ཚོ་ལོག་ཡོང་དུས་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཏུ་དགའ་དགའ་སྐྱིད་སྐྱིད་ངང་སྡོད་ཆོག་གི་ཡོད། ལས་དོན་མི་སྣས་ཀྱང་འགན་ཡག་པོ་འཁུར་གྱི་འདུག གནད་དོན་ཡོད་ན། ཁ་པར་བཏང་མ་ཐག་མྱུར་དུ་ཐག་གཅོད་བྱེད་དུ་ཡོང་གི་འདུག་པས་ཁོ་ཚོར་བཀའ་དྲིན་ཆེ་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་SOSབྱིས་པའི་གྲོང་ནི་2001ལོའི་ཟླ་6ཚེས་2ཉིན་ནས་བཟུང་སྒོ་ཕྱེས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་སྤྱི་ཚོགས་ཐོག་ཕ་མ་གཉིས་ཀ་གྲོངས་པའི་ཁར་གཉེན་ཉེ་མེད་པར་གྱུར་པའི་དྭ་ཕྲུག་གསོ་ཉར་བྱས་ནས་ཁོང་ཚོར་ཨ་མའི་བྱམས་སེམས་བསྐྱར་དུ་ཐོབ་ཐུབ་པ་དང་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་ཐུབ་པར་བྱ་རྒྱུའི་ཆེད་དུ་ཡིན་པ་རེད། བྱིས་པའི་གྲོང་དུ་ཁྱིམ་ཚང་17ཡོད་པ་དང་། ཁྱིམ་ཚང་ཚང་མར་གཉེན་སྒྲིག་བྱས་མེད་པའི་གཅེས་སེམས་ལྡན་པའི་ཨ་མ་རེ་དང་ལོ་ན་དང་ཕོ་མོ་མི་འདྲ་བའི་ཕྲུ་གུ་6ནས་8ཡོད། བྱིས་པའི་གྲོང་དེ་བཙུགས་ནས་ད་བར་ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དྭ་ཕྲུག་298གསོ་སྐྱོང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཕྲུ་གུ་སློབ་རིམ་འཕར་ཚད་དང་ལས་ཞུགས་ཐུབ་ཚད་ཚང་མ་བརྒྱ་ཆ་100ཟིན་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིའི་སྐྱེལ་འདྲེན་པུའི་ནུབ་ཕྱོགས་ཁུལ་གྱི་འགན་འཁུར་བ་ཧྥེང་གོ་ཆི་ཡིས་མིག་སྔར་དྲོད་རླངས་མཁོ་འདོན་བརྟན་པོ་ཡོད་པས་ང་ཚོས་ཀྱང་མུ་མཐུད་བྱིས་པའི་གྲོང་གི་དྲོད་རླངས་མཁོ་འདོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། རྒྱུན་གཏན་གྱི་སྐོར་ཞིབ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ལྷུ་ཚིགས་ཚང་མར་དམ་འཛིན་ཡག་པོ་བྱ་རྒྱུ། ཐོན་སྲིད་པའི་དྲོད་རླངས་མཁོ་འདོན་གྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས་ཁང་པ་ཚང་མར་མུ་མཐུད་དྲོ་སྐྱིད་ཡོང་བའི་འགན་ལེན་བྱས་ཏེ་ཕྲུ་གུ་ཚང་མ་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་གྲང་ངར་ཆེ་བའི་དགུན་ཁ་སྐྱེལ་དུ་འཇུག་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

གཅིག་སྡུད་དྲོད་རླངས་བདེ་བླག་ངང་མཁོ་འདོན་མངོན་འགྱུར་བྱུང་བ་དེས་བྱིས་པའི་གྲོང་གི་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་བཏོད་དེ་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ཚོར་ཐུབ་པ་བྱུང་ཞིང་། ཁོང་ཚོའི་གཟུགས་པོར་དྲོ་སྐྱིད་སྦྱིན་ཐུབ་པར་མ་ཟད། ཁོང་ཚོའི་སེམས་ཁམས་ལ་དེ་བས་དྲོ་སྐྱིད་སྦྱིན་ཐུབ་ཡོད་པས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཐད་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192992.html 1 གཅིག་སྡུད་དྲོད་རླངས་ཀྱིས་བྱིས་པའི་གྲོང་གི་བྱིས་པར་དྲོ་སྐྱིད་སྦྱིན་པ། /enpproperty-->