分享按钮

ཆུ་ཤུར་རྫོང་གིས་གཞི་རིམ་གྱི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

(པར་ངོས་དང་པོར་མཐུད)གནམ་ཤང་ཏང་ཨུད་ཀྱི་ཨུ་ཡོན་པ་སངས་སྒྲོལ་མས་ཞི་མཐུན་འདུམ་སྒྲིག་ཁང་གིས་གསར་བརྗེའི་ལས་འགུལ་གྱི་ཆུ་ཤུར་ལ་བརྟེན་ནས་འགལ་ཟླ་གྲལ་བཤེར་བྱས་པ་དང་། ཕྱོགས་མང་པོ་དང་མཉམ་འབྲེལ་ཐོག་རྩོད་གཞི་མཐུན་སྦྱོར་བྱས་པར་མ་ཟད། ཉིན་རེར་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ཡང་བྱས་ཡོད།

དེ་དང་ཆབས་ཅིག་ཆུ་ཤུར་རྫོང་གནམ་ཤང་འཇང་གྲོང་ཚོས་གདོང་ལེན་གྱི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཡོན་གྱི་འབྱོར་ཐོ་གཉིས་འགོད་པའི་ཆ་གསོག་ལམ་སྲོལ་ལ་སྐུལ་འདེད་བཏང་སྟེ་ཏང་རྩ་འཛུགས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་དང་། སྣེ་མང་མཉམ་བཅོས་ལ་སྣང་ཆེན་བྱས་ཏེ་འབྲེལ་ཡོད་སྒྲིག་བཀོད་དང་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་དམངས་ཡོངས་ཀྱི་བཅོས་སྐྱོང་རྣམ་པ་གཏོད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཡོང་བར་བྱས་ནས་རྟེན་གཞི་དང་། མཉམ་ལས་ཁང་། ཞིང་དུད་བཅས་མཉམ་འགུལ་རྣམ་པའི་ཐོག་ནས་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ཡོད།

ཆུ་ཤུར་རྫོང་གི་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་མི་རྩ་བར་འཛིན་པའི་དུ་ཤེས་ལག་ལེན་བསྟར་ནས་བཅོས་སྒྲིག་ལ་གསོན་ཤུགས་ལྡན་པ་དང་དམངས་སེམས་དྲོ་བར་བྱས་ཏེ་སྒྱུར་བཅོས་དང་བརྟན་སྲུང་བྱེད་པའི་ཁྲོད་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192990.html 1 ཆུ་ཤུར་རྫོང་གིས་གཞི་རིམ་གྱི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། /enpproperty-->