ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་12ཚེས་11ཉིན། ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཁུལ་ཆུང་དང་ཚོང་ལས་ཕྱོགས་བསྡུས་ཁུལ་སོགས་མི་སྣ་འདུ་འཛོམས་ཆེ་སར་དགུན་དུས་ཀྱི་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་ནས་ནུས་ཤུགས་ཡོད་རྒུས་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་གྲོང་མིར་བདེ་འཇགས་དང་བརྟན་ལྷིང་གི་འཚོ་སྡོད་ཁོར་ཡུག་ཅིག་བཏོད་པ་རེད།
ཞིབ་བཤེར་བྱེད་རིང་། ཞིབ་བཤེར་པས་དང་ཐོག་དར་རྒྱས་ཉི་བཟང་གཡང་རྩེ་ཁུལ་ཆུང་དུ་བསྐྱོད་དེ་སྔ་རྗེས་སུ་འཕྲུལ་སྒུལ་འཁོར་རིགས་གཅིག་སྡུད་འཇོག་ཁུལ་དང་། བར་ཁྱམས་ཀྱི་མེ་ཟོན་འགག་སྒོ། དེ་བཞིན་ཚོད་འཛིན་ཁང་བཅས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་ཞིབ་ཚགས་བྱས་ཏེ། འབྱུང་རྩ་ནས་གློག་སྒུལ་འཁོར་རིགས་ཐོག་ཁང་གི་བར་ཁྱམས་དང་གློག་སྐས་སོགས་ཀྱི་ནང་བཞག་པའི་མེ་སྐྱོན་ཐད་ཀྱི་མངོན་མེད་རྐྱེན་ངན་སེལ་བ་དང་། ཆེད་མངགས་བར་ཁྱམས་ཀྱི་མངོན་གསལ་དོད་སར་གློག་སྒུལ་འཁོར་རིགས་གློག་སྐས་ནང་སྐྱོད་མི་ཆོག་པའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་བ་རེད། དར་རྒྱས་ཉི་བཟང་གཡང་རྩེ་ཁུལ་ཆུང་གི་སྡེ་ལས་ལས་དོན་པ་ཉི་མ་ཚེ་རིང་གིས་ང་ཚོས་ཟླ་རེར་དུས་བཀག་བཞིན་ཁུལ་ཆུང་ནང་གི་མེ་ཟོན་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་པ་དང་སྦྲགས། སྲུང་སྐྱོང་མི་སྣ་དང་མཉམ་དུ་ཚོང་ལས་ཁུལ་ལ་ཞིབ་བཤེར་བྱེད་ཀྱི་ཡོད། དེ་རིང་མེ་ཟོན་མི་སྣས་ང་ཚོའི་མེ་ཟོན་འཕྲུལ་འཁོར་བཀོལ་སྤྱོད་བྱེད་མི་ཤེས་པའི་གནད་དོན་བཤད་པས། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社