分享按钮

ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཐོན་སྐྱེད་བདེ་འཇཊ་ཀྱི་སྤྱི་ཚོཊ་ལྟ་སྐུལ་བ་གདན་ཞུའི་མཛད་སྒོ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་27ཉིན། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བ་གདན་ཞུའི་མཛད་སྒོ་སྤེལ་ཞིང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སོགས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བ་སོགས་ཁྱོན་མི་50ལྷག་ཙམ་གདན་ཞུའི་མཛད་སྒོར་ཞུགས་ཡོད་པ་རེད།

མཛད་སྒོའི་ཐོག་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་འགན་འཁུར་བས་ཁག་དང་པོར་གདན་ཞུ་བྱས་པའི་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བ་33ལ་གདན་ཞུའི་དཔང་ཡིག་དང་ལས་ཀའི་ལག་ཁྱེར་སྤྲད་པ་དང་འབྲེལ་སྤྱི་ཚོགས་ལྟ་སྐུལ་བར་རང་འགན་གཙང་སྒྲུབ་ཀྱིས་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་བཏོན་པ་རེད། དེ་དང་ཆབས་ཅིག་ཡུལ་དངོས་སུ་ད་དུང་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བའི་ལས་ཀའི་འགན་འཁྲི་དང་འོས་འགན་གསལ་འགྲེལ་བྱས་པ་དང་། ལྟ་སྐུལ་བའི་ལས་ཀའི་འགན་འཁྲི་དང་། ལྟ་སྐུལ་གྱི་ཁྱབ་ཁོངས། ལྟ་སྐུལ་གྱི་དབང་ཆ་སོགས་གསལ་པོ་བཟོས་པ་དང་འབྲེལ་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བའི་དཔུང་ཁག་འཛུགས་རྒྱུའི་གལ་ཆེའི་རང་བཞིན་དང་དོན་སྙིང་ནན་བཤད་བྱས་ཡོད།

ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བའི་འཐུས་མི་ཝང་ཤིན་ཡུའེ་ཡིས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཁག་དང་པོའི་གླིང་ཁུལ་གྱི་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བ་ཞིག་ཏུ་གྱུར་པ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད། སླད་ཕྱིན་གྱི་ལས་ཀའི་ཁྲོད། ངས་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཤེས་བྱ་མང་ཙམ་སྦྱོང་བ་སོགས་བྱས་ཏེ་རང་ངོས་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་གླིང་ཁུལ་གྱི་ཁེ་ལས་དང་། སྒྲིག་བཀོད། ལས་སྒྲུབ་བརྒྱུད་རིམ་བཅས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་གཏིང་ཟབ་བྱ་རྒྱུ་ཡིན། དུས་མཚུངས་ཞབས་ཞུའི་འདུ་ཤེས་ལེགས་སུ་བཏང་ནས་རང་འགུལ་ངང་ཁེ་ལས་ལ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་བློ་འདྲི་དང་། མཛུབ་སྟོན། རོགས་རམ་བཅས་ཧུར་ཐག་བྱ་རྒྱུ་དང་། འགན་འཁྲི་ཆུད་ཟོས་སུ་མ་བཏང་བར་ནུས་ཤུགས་ཡོད་རྒུས་གླིང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཡོད་ཚད་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

སླད་ཕྱིན་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གོང་རིམ་སྡེ་ཚན་གྱི་འབྲེལ་ཡོད་ཐོན་སྐྱེད་བདེ་འཇགས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་སྤྱི་ཚོགས་ལྟ་སྐུལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ནན་པོ་དང་། ཏན་ཏིག ཞིབ་ཕྲ། དམ་འཛིན་བཅས་བྱས་ཐོག་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191963.html 1 ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཐོན་སྐྱེད་བདེ་འཇཊ་ཀྱི་སྤྱི་ཚོཊ་ལྟ་སྐུལ་བ་གདན་ཞུའི་མཛད་སྒོ་འཚོཊ་པ། /enpproperty-->