分享按钮

མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་བློ་སྒོ་ཕྱེ་བ།

(པར་ངོས་དང་པོར་མཐུད)ཡང་ན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལམ་དུ་བསྐྱོད་རྒྱུ་དེ་ནི་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་དུས་རབས་ཀྱི་དྲི་བར་གྱུར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཀྲུང་གོས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གཞི་རྩའི་ཇུས་ཆེན་ཞིག་ཏུ་བརྩིས་ནས་འབྱུང་ཁམས་ཤེས་དཔལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད།ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཤུཊ་ཆེན་བཏང་བ་དང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་།ཕྱོཊ་འགྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུཊ་སྐྲུན་ཐད་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད།

ཀྲུང་གོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འགྲོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུཊ་ཆེན་པོ་མངོན་པར་བྱས་ཡོད།

སྙན་ཞུའི་ནང་།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པར་དུས་རབས་ཀྱི་རྒྱབ་ལྗོངས་གཏིང་ཟབ་པ་དང་ལོ་རྒྱུས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད།དེ་ནི་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། སྤྱི་ཚོགས་ཀྱི་གནས་ཚུལ་བཅས་ལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དུས་རབས་ཀྱི་དྲི་བ་དང་།འཛམ་གླིང་གི་དྲི་བ།མི་དམངས་ཀྱི་དྲི་བ་བཅས་ལ་བཏབ་པའི་ཚན་རིག་དང་མཐུན་པའི་ལན་ཞིག་རེད་ཅེས་བསྟན་ཡོད།

སྙན་ཞུའི་ནང་ངོས་འཛིན་བྱས་དོན།དགོངས་པ་གལ་ཆེན་དེའི་ནང་མི་དང་རང་བྱུང་ཁམས།སྲུང་སྐྱོང་དང་འཕེལ་རྒྱས། ཁོར་ཡུག་དང་དམངས་འཚོ། རྒྱལ་ནང་དང་རྒྱལ་སྤྱི་སོགས་ཀྱི་འབྲེལ་བར་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་དང་།དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྩ་བའི་འགན་ལེན་དང་།ལོ་རྒྱུས་ཀྱི་གཞི་འཛིན་ས།གཞི་རྩའི་རྩ་དོན།སྲོག་ཤིང་གི་འདུ་ཤེས།དམིགས་ཡུལ་གྱི་བླང་བྱ།འཐབ་ཇུས་ཀྱི་ཐབས་ལམ།བརྒྱུད་རིམ་ལྡན་པའི་འདུ་ཤེས། ལམ་ལུགས་ཀྱི་འགན་ལེན།སྤྱི་ཚོགས་ཀྱི་སྟོབས་ཤུགས། གོ་ལ་ཧྲིལ་པོའི་གྲོས་འགོ་སོགས་གཞི་རྩའི་ནང་དོན་ཚུད་ཡོད་ཅིང་། དེའི་ཕྱོགས་གཙོ་བོ་ནི་མཐའ་འཁྱོངས་བཅུ་ལས་གཅིག་སྡུད་ཐོག་མངོན་པ་སྟེ།ཏང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་འབྱུང་ཁམས་དར་ཚེ་ཤེས་དཔལ་དར་རྒྱུ་མཐའ་འཁྱོངས།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས།རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པ་མཐའ་འཁྱོངས།འབྱུང་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཡིན་པ་མཐའ་འཁྱོངས།ལྗང་མདོག་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་ལྟ་བ་གསར་སྒྱུར་ཡིན་པ་མཐའ་འཁྱོངས། རི་ཆུ་ནགས་ཞིང་དང་མཚོ་མཚེའུ།རྩྭ་ཐང་དང་བྱེ་མ་བཅས་ཀྱི་མ་ལག་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས།ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས།མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་རྒྱུ་མཐའ་འཁྱོངས། གོ་ལ་ཧྲིལ་པོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བཅས་རེད།

ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ནི་སྒོ་དབྱེ་བསྟུན་མཁས་ཀྱི་བསམ་བློའི་མ་ལག་ཅིག་ཡིན་པ་དང་།ལག་ལེན་ཏན་ཏིག་བྱས་པ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་འགྱུར་ལྡོག་གལ་ཆེན་བཞི་དང་འབྲེལ་བ་གལ་ཆེན་ལྔ་གསལ་པོར་བཏོན་ཡོད།

ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡུས་ཧའེ་ཡིས་འགྱུར་ལྡོག་གལ་ཆེན་བཞི་དང་། འབྲེལ་བ་གལ་ཆེན་ལྔ།མཐའ་འཁྱོངས་བཅུ་བཅས་ལས་ཕན་ཚུན་འབྲེལ་བ་དང་གཅིག་གྱུར་དམ་ཟབ་ཀྱི་ཚོགས་སྤྱི་ཞིག་གྲུབ་པ་དང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་ངོ་བོ་དང་།ཕུན་སུམ་ཚོགས་པའི་ནང་དོན།ལག་ལེན་གྱི་བླང་བྱ་བཅས་སྔར་བས་སྙིང་བསྡུས་བྱས་ཡོད་པས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་རྐྱང་ཞིག་རེད་ཅེས་བཤད།

སྙན་ཞུའི་ནང་།ད་དུང་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པས་ལོ་རྒྱུས་ལ་གཞིགས་པ་དང་།དེང་དུས་ལ་གཞི་ཚུགས་པ། གོ་ལ་ཧྲིལ་པོར་ཕྱོགས་པ།འབྱུང་འགྱུར་ལ་དམིགས་པ་བཅས་བྱས་ཏེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཞི་མཐུན་མཉམ་འཚོལ།མི་རྩ་བར་འཛིན་པ། ལྗང་མདོག་འཕེལ་རྒྱས།བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་།དངོས་སྒྲུབ་མཉམ་ལས་བཅས་ཀྱི་གྲོས་འགོ་བཏོན་པ་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་ཀྱི་ངེས་གནས་དང་། དམིགས་ཚད་ཀྱི་ལས་འགན། སྤྱིའི་བསམ་ཕྱོགས།རྩ་དོན་གལ་ཆེན་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན། དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་བཅས་ཀྱི་བློ་གྲོས་ཟབ་པའི་བསམ་གཞིགས་དང་ལྟ་སྟངས་ཟབ་མོ་གཅིག་ཏུ་བསྡུས་ཡོད་ཅེས་བསྟན་ཡོད།

ཚན་རིག་དང་མཐུན་པའི་དགོངས་པར་བརྟེན་ནས་ཀྲུང་གོ་འདི་ཉིད་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱས་པ།

ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་སུ་སྣེ་ཁྲིད་པ། སྙན་ཞུའི་ནང་།ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་ཀྲུང་གོའི་བྱ་སྤྱོད་དང་།ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་ཀྱི་ཀྲུང་གོའི་ཆོད་སེམས།འབྱུང་ཁམས་སྲུང་སྐྱོང་དང་སླར་གསོ་ཐད་ཀྱི་ཀྲུང་གོའི་ངོ་མཚར།ལྗང་མདོག་འཚོ་བ་དར་འཕེལ་གཏོང་བའི་ཀྲུང་གོའི་དར་སྲོལ་སོགས་ཕྱོགས་མང་པོའི་ཐད་ནས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པས་ཀྲུང་གོའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁྲིད་སྟོན་བྱས་པར་ཐོབ་པའི་རླབས་ཆེན་གྲུབ་འབྲས་གསོན་ཉམས་དོད་པོས་མངོན་ཡོད།

ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་ཀྲུང་གོའི་བྱ་སྤྱོད།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་མུ་མཐུད་ནས་སྐུལ་འདེད་བཏང་ཡོད།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པའི་ལེགས་ཆ་གསར་པ་གཏོད་པ་དང་། ཐོན་ཁུངས་ཁོར་ཡུག་གི་འགྱུར་མེད་གཅུན་སྡོམ་ལ་བརྟེན་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་བར་མཐོངས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་སུ་གཏོང་བ། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་གྱི་མཐོར་འདེགས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྐས་རིམ་ལྟ་བུའི་རུ་ཁག་དང་པོ་འཛུགས་པར་ཤུགས་སྣོན་རྒྱག་པ།རྒྱལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཅན་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་ཁྲིད་བྱེད་པ་བཅས་ཀྱི་སྒོ་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ཡོད།

2012ལོ་ནས་2023ལོའི་བར་ཀྲུང་གོས་ལོ་རེར་ཆ་སྙོམས་བརྒྱ་ཆ་3གྱི་ནུས་རྒྱུའི་འཛད་སྤྱོད་འཕར་ཚད་ལ་བརྟེན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ་6ལས་བརྒལ་བའི་དཔལ་འབྱོར་འཕར་རྒྱུར་འདེགས་སྐྱོར་བྱས་པ་དང་།ནུས་རྒྱུ་ཟད་ཚད་རིམ་རྩིས་བྱས་ན་བརྒྱ་ཆ་26.4ཆག་ནས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཟད་ཚད་ཆུང་དུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཏུ་གྱུར་ཡོད།

ཁོར་ཡུག་གི་སྦགས་བཙོག་འགོག་བཅོས་བྱེད་པའི་ཀྲུང་གོའི་ཆོད་སེམས། དེ་ཡང་དེ་སྔ་ཀྲུང་གོའི་བྱང་ཕྱོགས་སུ་སྟོན་དགུན་གཉིས་སུ་སྨུག་རྡུལ་ཡང་ཡང་ཐོན་པ་དང་། ཆུ་བོ་དང་མཚེའུ་ཁ་ཤས་སུ་སྦགས་བཙོག་ཐེབས་པས། མི་དམངས་མང་ཚོགས་ཀྱི་འབྱུང་ཁམས་ཁོར་ཡུག་གི་ཐོབ་སྣང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་མཐོ་རུ་གཏོང་རྒྱུའི་རེ་སྒུག་ཆེན་པོ་གནང་གི་ཡོད། ཁོང་གིས།ང་ཚོས་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་བཏང་ནས་མང་ཚོགས་ཀྱི་རེ་སྒུག་བྱེད་ས་དང་སེམས་ཁྲལ་བྱེད་སའི་གནད་དོན་ཧུར་ཐག་ཐག་གཅོད་བྱས་ཏེ།འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་།དེ་བས་ལེགས་པའི་འབྱུང་ཁམས་ཐོན་རྫས་མཁོ་འདོན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འབྱུང་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་གསུངས་པ་རེད།

ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོས་མངོན་གསལ་དོད་པའི་འབྱུང་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོ་སྔོན་ལ་སྤེལ་བའི་ཁྱབ་ཁོངས་སུ་བརྩིས་ནས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་དང་གཞི་ཁྱོན་ཧ་ཅང་ཆེ་བའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱག་འགོ་བཙུགས་ཏེ་གནད་ལ་འཁེལ་བ་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་ཀྱི་བྱ་ཐབས་དང་ཉམས་མྱོང་ཆགས་ནས་འབྱུང་ཁམས་་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

རྒྱུན་མཐུད་འགག་སྒྲོལ་བྱས་པ་བརྒྱུད། 2023ལོར་རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞིར་སླེབས་པའི་གྲོང་ཁྱེར་ཁྱོན་203ཡོད་པ་དེས་བསྡུར་ཚད་བཅུ་ཆ་དྲུག་ཙམ་བཟུང་ཡོད། གནམ་སྔོན་པོ་དང་སྤྲིན་དཀར་པོ་རྒྱུན་རྣམ་དུ་གྱུར་པ་དང་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་སུ་འགྲོ་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད། གཙང་པོ་དང་མཚེའུའི་རྣམ་པ་རྩ་བ་ནས་ལེགས་སུ་ཕྱིན་པ་དང་ས་ངོས་ཀྱི་ཆུ་སྤུས་ལེགས་པའི་བསྡུར་ཚད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་ཉེར་ཡོད།

འབྱུང་ཁམས་སྲུང་སྐྱོང་དང་སླར་གསོའི་ཐད་ཀྱི་ཀྲུང་གོའི་ངོ་མཚར་ཅན། དེ་ཡང་ནུབ་ཀྱི་ཤིན་ཅང་ནས་ཤར་གྱི་ཧེ་ལུང་ཅང་བར་གྱི“བྱང་གསུམ”འགོག་སྲུང་ནགས་ཚལ་ལས་གཞིས་ལྗང་མདོག་གི་ལྕགས་རི་ཞིག་དང་འདྲ་བར་བྱེ་རླུང་གི་གནོད་འཚེ་འགོག་བཞིན་ཡོད་ལ། རང་རྒྱལ་བྱང་ཕྱོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ཡང་སྲུང་སྐྱོང་བྱེད་བཞིན་ཡོད།

ཀྲུང་གོ་ནགས་ལས་ཚན་རིག་ཁང་གི་དབུ་བཞུགས་ཚན་རིག་མཁས་ཅན་བྱང་གསུམ་ལས་གཞི་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའུ་ཆིས།ལོ་མང་རིང་ཀྲུང་གོས་བྱེ་འགོག་བྱེ་བཅོས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གཙོ་གནད་བཅོས་སྒྲིག་ཁུལ་དུ“བྱེ་འགྱུར་མི་འཐེན”ནས“ལྗང་འགྱུར་བྱེ་འཐེན”བར་གྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།དུས་རབས་གསར་པའི་ཀྲུང་གོའི་བྱེ་འགོག་བྱེ་བཅོས་ཀྱི་ངོ་མཚར་གསར་པ་ཧུར་ཐག་གཏོད་དགོས་ཞེས་བཤད།

དུས་རབས་གསར་པ་ནས་བཟུང་། ཀྲུང་གོས་རྒྱུད་ཁོངས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་འབྱུང་ཁམས་མ་ལག་གི་ཁྱོན་ཡོངས་རང་བཞིན་ནས་འགོ་བརྩམས་ཏེ། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚེའུ། རྩྭ།བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་ཁོངས་བསྐྱར་གསོ་ལ་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་འབྱུང་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་པ་དེ་རིམ་བཞིན་རྒྱུ་རྐྱེན་རྐྱང་པ་ནས་མ་ལག་བཅོས་སྐྱོང་དང་། བཟོ་སྐྲུན་བྱ་ཐབས་གཙོ་བོར་བྱེད་པ་ནས་རང་བྱུང་སླར་གསོ་གཙོ་བོར་བྱེད་པ། མཇུག་མཐའི་བཅོས་སྐྱོང་ནས་ཕྲེང་ཐག་ཧྲིལ་པོར་དོ་དམ་བྱེད་པ། ནོར་སྲིད་ལ་བརྟེན་པ་ནས་སྣ་མང་ཅན་གྱི་མ་དངུལ་གཏོང་བ་བཅས་ཀྱི་ཕྱོགས་སུ་བསྒྱུར་བ་དང་། རི་རྩེ་ནས་རྒྱ་མཚོ་བར་དང་། ས་མཐོ་ནས་བདེ་ཐང་བར། རྒྱལ་ཁབ་ནས་ས་གནས་བར་བཅས་ཀྱི་འབྱུང་ཁམས་སྲུང་སྐྱོང་སླར་གསོའི་འཆར་གཞི་ཆེན་པོ་གཞི་རྩའི་ཆ་ནས་གྲུབ་ཡོད།

ལྗང་མདོག་འཚོ་བ་དར་འཕེལ་གཏོང་བའི་ཀྲུང་གོའི་དར་སྲོལ་། དེ་ཡང་རང་འགུལ་ངང་གད་སྙིགས་རིགས་དབྱེ་ནས་འགྱིག་ཁུག་དང་ཐེངས་གཅིག་ངར་བཞིན་གྱི་གསོལ་ཆས་ལ་སོགས་པའི་འགྱིག་རིགས་ཀྱི་སྦགས་བཙོག་བཀག་འགོག་བྱེད་པའི་བར་དང་། ནུས་རྒྱུ་གསར་པའི་རླངས་འཁོར་གཏོང་བ་ནས་རྒྱུག་ཤར་གློད་པ་དང་རྐང་འཁོར་བཞོན་ནས་འགྲོ་བའི་ཚ་རླབས་ཤིག་འཕྱུར་བ་སོགས་ཀྲུང་གོས་འབྱུང་ཁམས་ཤེས་དཔལ་གྱི་རིན་ཐང་འདུ་ཤེས་དར་རྒྱས་ཧུར་ཐག་བཏང་ནས་དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། འབྱུང་ཁམས་ཀྱི་འདུ་ཤེས་བཅས་རྒྱུན་མཐུད་ངང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། སྟབས་བདེ་ཞིང་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་རང་རྟོགས་ངང་ལག་བསྟར་བྱས་པས།སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་བ།

འབྱུང་ཁམས་ལེགས་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པ་དང་།འབྱུང་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན།

སྙན་ཞུའི་ནང་བསྟན་དོན།གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཐད་སྔར་བྱུང་མྱོང་མེད་པའི་དཀའ་ངལ་འཕྲད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མི་དང་རང་བྱུང་ཁམས་ཞི་མཐུན་དང་། ལྗང་མདོག་འཕེལ་རྒྱས་དང་དར་རྒྱས། རང་བྱུང་ལ་དགའ་ཞེན། ཚན་རིག་དང་མཐུན་པའི་བཅོས་སྐྱོང་གི་སྙིང་སྟོབས། ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཁ་གཏད་གཅོག་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་པ་དེའི་ཐོག་ནས་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་འཛམ་གླིང་གི་འགན་འཁྲི་མངོན་པ་དང་།དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་ཆེད་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་བཏོན་ནས་མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བློ་སྒོ་ཕྱེ་ཡོད།

ཨ་རིའི་རྒྱལ་ཁབ་ཀྱི་མི་ཆོས་ཚན་རིག་ཁང་གི་ཡོན་ཧྲི་གཡོད་ཧན·ཁོ་པུའུ་ཆུང་བས།ཀྲུང་གོས་འཛམ་གླིང་ལ“འབྱུང་ཁམས་ཤེས་དཔལ”གྱི་ཐ་སྙད་བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེའི་ཐོག་ནས་ང་ཚོས་རེ་སྒུག་བྱེད་པའི་ཐུན་མོང་གི་འབྱུང་འགྱུར་ལ་མིང་བཏགས་པ་མཚོན་ཞེས་བཤད།

ཀྲུང་གོས་རང་ངོས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་རིམ་བཞིན་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བར་མ་ཟད། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ལའང་ཧུར་ཐག་ཞུགས་ཏེ་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་ནས་སྣེ་ཁྲིད་མཁན་བར་གྱི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་ཡོད་པ་སྟེ།

གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཐད།ཀྲུང་གོས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་ནས《2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་རྒྱལ་ཁབ་ཀྱི་ཇུས་གཞི》སྔོན་ལ་ཁྱབ་བསྒྲགས་བྱས་པ་དང་། གོ་ལ་ཧྲིལ་པོའི་ཁྲོམ་རར་རླུང་གློག་སྒྲིག་ཆས་བརྒྱ་ཆ་60དང་འོད་ཤུགས་ལྷུ་ལག་སྒྲིག་ཆས་བརྒྱ་ཆ་70མཁོ་འདོན་བྱས་ནས་གོ་ལ་ཧྲིལ་པོའི་རླུང་གློག་དང་འོད་ཤུགས་གློག་གཏོང་གི་མ་གནས་ཁག་སོ་སོར་བརྒྱ་ཆ་60དང་བརྒྱ་ཆ་80ཆག་རྒྱུར་སྐུལ་འདེད་བཏང་བ། རྒྱུད་གཅིག་ལམ་གཅིག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་འཆར་གཞི་ལག་ལེན་དུ་བསྟར་བ། རྒྱལ་ཁབ་40ལས་བརྒལ་བའི་མཉམ་ལས་རོགས་ཟླ་170ལྷག་དང་རྒྱུད་གཅིག་ལམ་གཅིག་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་ཡོད།

གོ་ལ་ཧྲིལ་པོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཐད།ཀྲུང་གོ་ནི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ལ་མིང་རྟགས་བཀོད་པ་དང་ཆོག་མཆན་སྤྲོད་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ཀྲུང་གོས་ཁུན་མིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐེབས་རྩ་བཙུགས་ཏེ“ཁུན་མིང་-མོང་ཐེ་ལིར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”སོགས་ལ་མིང་རྟགས་བཀོད་པར་སྐུལ་འདེད་བཏང་བ་དང་། ཨུ་རུ་སུ་དང་། མོང་གོལ་རྒྱལ་ཁབ། ལོ་སི། ཝེ་ཐེ་ནམ་སོགས་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ།ས་མཚམས་ལས་བརྒལ་བའི་རང་བྱུང་སྲུང་སྐྱོང་ཁུལ་དང་འབྱུང་ཁམས་བར་ཁྱམས་བསྐྲུན་པ་རེད།

གོ་ལ་ཧྲིལ་པོའི་འབྱུང་ཁམས་མ་ལག་སྲུང་སྐྱོང་ཐད།ཀྲུང་གོས་གོ་ལ་ཧྲིལ་པོའི་ཐང་རྒོད་ཅན་གྱི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་བྱ་རྒྱུར་གཙོ་གནད་དུ་ཤུགས་སྣོན་རྒྱག་པ་དང་། རྒྱུད་གཅིག་ལམ་གཅིག་གི་རྒྱལ་ཁབ་ཀྱི་ཐང་རྒོད་ཅན་འགོག་བཅོས་མཉམ་སྐྲུན་བྱ་རྒྱུར་རྒྱབ་སྐྱོར། རྒྱལ་ཁབ་ཁག་གིས་སྲིད་ཇུས་གླེང་མོལ་དང་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུར་སྣེ་ཁྲིད་བཅས་བྱས་ནས་བྱེ་རྡུལ་གྱི་གནོད་འཚེ་ལ་ཐུན་མོང་ཐོག་ཁ་གཏད་བཅག་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ་ང་ཚོས་གཞི་ནས་གནམ་གཤིས་འགྱུར་ལྡོག་དང་། རྒྱ་མཚོའི་སྦགས་བཙོག སྐྱེ་དངོས་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཁོར་ཡུག་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་ལ།དཔུང་གཤིབ་མཉམ་སྐྱོད་བྱས་ཚེ་གཞི་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་འཇགས་ཐུབ་པ་དང་།གོ་ལ་ཧྲིལ་པོའི་འབྱུང་ཁམས་ཤེས་དཔལ་གྱི་ལམ་བུའི་ཐོག་བརྟན་པོའི་ངང་མདུན་ཕྱོགས་སུ་སྐྱོད་ཐུབ་ཅེས་གསུངས་པ་རེད།

སྙན་ཞུའི་ནང་།ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པས་ཤར་ཕྱོགས་ཀྱི་ས་གཞི་ཆེན་མོར་འཕོ་འགྱུར་རང་བཞིན་གྱི་ལག་ལེན་མཁོ་འདོན་བྱས་ཏེ།འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་མ་ཟད། གོ་ལ་ཧྲིལ་པོར་ཕན་འབྲས་ཀྱང་ཐོབ་ཡོད། རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་འདི་ཉིད་བློ་བརྟན་འགྱུར་མེད་ངང་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་།ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་འགན་འཁྲི། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བྱ་སྤྱོད་བཅས་ཀྱིས་འཛམ་གླིང་འདི་ཉིད་འབྱུང་ཁམས་ཤེས་དཔལ་གྱི་དུས་རབས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད་ལ།མ་འོངས་པར་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་རྒྱུ་ཡིན་ཞེས་བསྟན་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་26ཉིན་འབྱོར་བའི་གློག་འཕྲིན)

(སྟོབས་རྒྱལ་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191833.html 1 མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་བློ་སྒོ་ཕྱེ་བ། /enpproperty-->