分享按钮

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ།

ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)དུ་རླངས་ཕྱིར་འབུད་བྱེད་ལ་སྔོན་ཐོན་གྱི་དུ་རླངས་གཙང་བཟོའི་ལག་རྩལ་སྤྱད་ནས་ཕྱིར་འབུད་ཚད་དེ་ཡོ་རོབ་མནའ་འབྲེལ་གྱི་ཚད་གཞིར(2010/75/EU)སླེབས་རྒྱུ་དང་། དྲ་ཐོག་ནས་གྲངས་གཞིར་རང་འགུལ་ངང་ལྟ་ཞིབ་དང་ཚད་ལེན་ཐུབ་ཅིང་། དུ་རླངས་ཕྱིར་འབུད་ཀྱི་གྲངས་གཞི་དུས་ཐོག་ཏུ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱ་ཐུབ། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས། ལོ་རེར་གད་སྙིགས་སྲེག་ཚད་ཏུན་ཁྲི་29.2ཟིན་རྒྱུ་དང་། ལོ་རེར་གློག་གཏོང་ཚད་ཏུའུ་དུང་ཕྱུར་1.55ཟིན་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དང་། ཉུང་གཏོང་ཅན། ཐོན་ཁུངས་ཅན་བཅས་སུ་འགྱུར་རྒྱུར་རམ་འདེགས་ཐུབ་སྟེ། འཚོ་བའི་གད་སྙིགས་གཅིག་ཀྱང་སྦ་མི་དགོས་པའི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་རེད།

གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇམ་དབྱངས་ཆོས་འཕེལ་གྱིས། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སེལ་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུ་རེད། རྗེས་མར་ང་ཚོས་ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་དོ་དམ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྣམ་གྲངས་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་དང་། འབྱུང་ཁམས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ལྷ་ས་གྲོང་ཁྱེར་གྱི་ལྗང་མདོག་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 6 6 拉萨日报藏文 c191832.html 1 ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ཁང་གི་དུས་ཁག་གཉིས་པའི་རྣམ་གྲངས་སྤྱོད་འགོ་ཚུགས་པ། /enpproperty-->