分享按钮

ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱིས“ཀྲུང་གོའི་ཟློས་གར་ཕུལ་བྱུང་འཁྲབ་སྟོན”གྱི་བྱེད་སྒོ་སྐབས་དང་པོ་སྤེལ་བ།

བོད་ཀྱི་ལྷ་མོ《འགྲོ་བ་བཟང་མོ་ལས་རྒྱལ་སྲས་འཚོལ་བ》ཞེས་པར་ཟློས་གར་ཕུལ་བྱུང་གི་བྱ་དགའ་ཆེན་པོ་ཐོབ་པ།

ལྷ་སའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་བྱེད་པ། སྲོལ་རྒྱུན་གྱི་རིག་གནས་དར་རྒྱས་སུ་གཏོང་བ། ཟློས་གར་སྒྱུ་རྩལ་དར་རྒྱས་སུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར།ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱིས་ཚན་པ་མང་པོ་དང་མཉམ་དུ“ཀྲུང་གོའི་ཟློས་གར་ཕུལ་བྱུང་འཁྲབ་སྟོན”གྱི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད།

བོད་ལྗོངས་ཟློས་གར་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི་བོད་ལྗོངས་ལྷ་མོ་ཚོགས་པའི་ལྷ་མོ《འགྲོ་བ་བཟང་མོ་ལས་རྒྱལ་སྲས་འཚོལ་བ》ཞེས་པར་ཀྲུང་གོའི་ཟློས་གར་ཕུལ་བྱུང་གི་བྱ་དགའ་ཆེན་པོ་ཐོབ་པ་དང་། འཁྲབ་སྟོན་པ་གཙོ་བོ་ཕུན་སྒྲོན་ལ“ཀྲུང་གོའི་ཟློས་གར་འཁྲབ་སྟོན་པ་ཕུལ་བྱུང”གི་མཚན་སྙན་ཐོབ་ནས་བོད་ཀྱི་ལྷ་མོ་ཀྲུང་གོ་ཡོངས་དང་འཛམ་གླིང་ཕྱོགས་སུ་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད།

ལྷ་མོའི་འཁྲབ་གཞུང《འགྲོ་བ་བཟང་མོ་ལས་རྒྱལ་སྲས་འཚོལ་བ》ཞེས་པའི་ནང་། གཙོ་བོ་ཧ་ཅང་དང་གཟེ་མ་ར་མགོ་དཔོན་གཡོག་གཉིས་ཀྱིས་རྒྱལ་སྲས་དང་སྲས་མོ་འཚོལ་བའི་སྐོར་བཀོད་ཅིང་། 《འགྲོ་བ་བཟང་མོ》ཞེས་པའི་ལྷ་མོ་ཧྲིལ་པོའི་ནང་གི་ལྟ་རིན་ཆེ་ཤོས་ཀྱི་དུམ་བུ་ཞིག་ཀྱང་ཡིན། འཚོལ་བའི་བརྒྱུད་རིམ་ནང་། ཧ་ཅང་དང་གཟེ་མ་ར་མགོ་གཉིས་ཀྱི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་རྣམ་པ་ལེགས་པར་མངོན་པ་དང་། ལྷ་མོའི་སྒྱུ་རྩལ་གྱི་སྒྲོ་བཏགས་རྣམ་པ་དང་དགོད་བྲོའི་རྣམ་པའི་ཐོག་ནས་འཁྲབ་སྟོན་བྱས་པ་དེས་འཁྲབ་སྟོན་པའི་ཁྱད་དུ་འཕགས་པའི་འཁྲབ་སྟོན་ནུས་པ་མངོན་ཡོད་ལ། ལྷག་པར་དུ་ལྷ་མོའི“རྣམ་ཐར་གཏོང་བ་དང་། ཀློག་འདོན། འཁྲབ་པ། རྣམ་འགྱུར། བགྲོ་གླེང་། འཁྲབ་རྩལ”བཅས་ཀྱང་གསོན་ཉམས་དོད་པོས་མངོན་ཡོད།

ཐེངས་འདིའི་འཁྲབ་སྟོན་ནང་། རྒྱལ་ཡོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་བདམས་པའི་འཁྲབ་གཞུང་ཕུལ་བྱུང་41གི་འཁྲབ་གཞུང་41འཁྲབ་སྟོན་བྱས་ཤིང་། ཀྲུང་གོའི་ཟློས་གར་ཕུལ་བྱུང་གི་ཁྱད་ཆོས་དང་ཤེས་ལྡན་པའི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པ་དང་། རོགས་སྐྱོར་གྱི་འཆར་གཞི་དང་། གཞུང་ལུགས་བགྲོ་གླེང་། ཤེས་ལྡན་པ་གསོ་སྐྱོང་། འཁྲབ་གཞུང་ཁྱབ་སྤེལ། ཟློས་གར་ཕུལ་བྱུང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་པ་སོགས་ཀྱི་འགོ་བརྩམས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་འདི་ནི་ལྷ་མོའི་འཁྲབ་གཞུང《འགྲོ་བ་བཟང་མོ་ལས་རྒྱལ་སྲས་འཚོལ་བ》ཞེས་པ་འཁྲབ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-29 ཀྲུང་གོའི་ཟློས་གར་མཐུན་ཚོགས་ཀྱིས“ཀྲུང་གོའི་ཟློས་གར་ཕུལ་བྱུང་འཁྲབ་སྟོན”གྱི་བྱེད་སྒོ་སྐབས་དང་པོ་སྤེལ་བ། 6 6 拉萨日报藏文 c191831.html 1 བོད་ཀྱི་ལྷ་མོ《འགྲོ་བ་བཟང་མོ་ལས་རྒྱལ་སྲས་འཚོལ་བ》ཞེས་པར་ཟློས་གར་ཕུལ་བྱུང་གི་བྱ་དགའ་ཆེན་པོ་ཐོབ་པ། /enpproperty-->