ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་27ཉིན་གྱི་སྔ་དྲོར། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་། གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། གྲོང་ཁྱེར་སློབ་གསོ་ཅུས་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་སྒྲུབ་འགན་འཁུར་བའི“ཡ་རབས་ངང་དྲ་བར་ཞུགས་ནས་ལང་ཚོའི་རིན་ཐང་མངོན”ཞེས་པའི་དྲ་རྒྱའི་ཡ་རབས་སྲོལ་བཟང་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་ནས་གཞོན་ནུ་ལོ་ཆུང་གིས་ཡ་རབས་ཚུལ་ལྡན་ངང་དྲ་བར་ཞུགས་པའི་འདུ་ཤེས་འཛུགས་རྒྱུར་སྔར་བས་ཁྲིད་སྟོན་དང་དྲ་སྦྲེལ་གྱི་ཡ་རབས་བྱང་ཚད་མཐོ་རུ་བཏང་ཡོད།
བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། མང་ཚོགས་དང་འབྲེལ་བ་ཆེ་བའི་རིག་རྩལ་ལེ་ཚན་རབ་དང་རིམ་པ་ཇུས་འགོད་ཞིབ་ཚཊ་བྱས་པ་སྟེ། དེའི་ནང་འཁྲབ་ཚན་ཐུང་གྲས་དང་། དགོད་བྲོའི་གཏམ་གླེང་། གླུ་གར་སོགས་སྒྱུ་རྩལ་འཁྲབ་སྟོན་གྱི་རྣམ་པ་མང་པོ་ཡོད། བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཐོག་ནས་སློབ་མས་དྲ་རྒྱའི་ཡ་རབས་སྲོལ་བཟང་ལ་འཛིན་པའི་འདུ་ཤེས་ཟབ་ཏུ་བཏང་བ་དང་། དེ་བཞིན་མ་རབས་ཀྱི་བྱ་སྤྱོད་གཞན་དག་ཤེས་རྟོགས་ཐུབ་ཚད་ཀྱང་ཟབ་ཏུ་བཏང་ཡོད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་བསྟན་འཛིན་ཆོས་སྒྲོན་གྱིས། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ངས་དྲ་བར་ཞུགས་སྐབས་དཀྲོག་གཏམ་ཤོད་མི་རུང་བ་དང་། མ་རབས་ཐ་ཤལ་ལམ་ཡང་ན་གཏུམ་སྤྱོད་ཀྱི་བརྙན་ལམ་དང་ཆ་འཕྲིན་སྤེལ་མི་རུང་བ་ཤེས་རྟོགས་བྱུང་། སླད་ཕྱིན་ངས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱས་ཏེ། ཉེ་འགྲམ་གྱི་གྲོགས་པོ་དང་གཉེན་ཉེར་ཁ་ཏ་བསླབ་བྱ་བྱས་ཏེ། ཁོང་ཚོའང་ཡ་རབས་ཚུལ་ལྡན་ངང་དྲ་བར་ཞུགས་རྒྱུའི་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་ཕུད་བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དྲིལ་བསྒྲགས་ས་ཚིགས་བཙུགས་ཡོད་པ་སྟེ། ལས་དོན་པས་འགྲེམས་པང་འཇོག་པ་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མ་ཚོར་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་ཡ་རབས་ངང་དྲ་བར་ཞུགས་པའི་བྱ་སྤྱོད་ཚད་ལྡན་སོགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། ཚང་མར་མ་རབས་ཀྱི་དྲ་རྒྱའི་བྱ་སྤྱོད་ལས་རིང་དུ་གྱེས་རྒྱུའི་འབོད་སྐུལ་ཧུར་ཐག་བྱས་ནས། བདེ་འཇགས་དང་སྐྱོན་བྲལ། ཤེས་དཔལ་དང་ཞི་མཐུན་བཅས་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་ཐུན་མོང་ཐོག་བཏོད་ཡོད།
གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་དྲ་རྒྱ་དྲིལ་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་ཧྭ་ཆང་གིས། སྔར་ནས་ད་བར།གྲོང་ཨུད་དྲ་འཕྲིན་ཚན་པས་དྲ་རྒྱའི་ཡ་རབས་བྱ་སྤྱོད་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། དུས་མཚུངས་སུ་རིགས་ཁག་གི་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་ནས་མི་དེ་བས་མང་བས་དྲ་རྒྱ་ནི་མི་གཅིག་གི་སྤེལ་རེས་སྟེགས་བུ་ཙམ་མ་ཡིན་པར་ང་ཚོའི་འཚོ་བའི་སྟེགས་བུ་ཞིག་དེ་བས་ཡིན་པ་ཤེས་རྟོགས་ཐུབ་པར་བྱས་ཡོད། ཚང་མ་ང་ཚོའི་ཡ་རབས་ཚུལ་ལྡན་ངང་དྲ་བར་ཞུགས་པའི་བྱེད་སྒོ་དང་ཡ་རབས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ནང་ཞུགས་རྒྱུའི་རེ་བ་ཡོད། དྲ་རྒྱའི་དཀྲོག་གཏམ་རང་རྟོགས་ངང་བཀག་འགོག་བྱེད་པ་དང་། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ།དཀྲོག་གཏམ་མི་ཤོད་པ། དྲ་རྒྱའི་ལྟ་སྐུལ་ཧུར་ཐག་བཅས་བྱས་ནས་དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་ལ་སྲུང་སྐྱོང་དེ་བས་ལེགས་པར་བྱེད་དགོས་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཞོན་ནུ་ལོ་ཆུང་སློབ་མའི་ཡ་རབས་ཀྱི་བྱང་ཚད་གསོ་སྐྱོང་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད་པ་སྟེ།ཡ་རབས་ངང་དྲ་བར་ཞུགས་པའི་ཐད། གཙོ་དོན་འཛིན་གྲྭའི་ཚོགས་འདུ་འཚོགས་པ་དང་། ཆེད་ལས་མཁས་པ་གདན་དྲངས་ནས་སློབ་གསོའི་སྒྲོག་འགྲེལ་བྱེད་པ། རྒྱལ་དར་འོག་ཏུ་གཏམ་བཤད་བྱེད་པ། ལག་བྲིས་ཚགས་པར་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མར་ཡ་རབས་ངང་དྲ་བར་ཞུགས་རྒྱུའི་ཁྲིད་སྟོན་བྱེད་པ་དང་། དུས་མཚུངས་སུ་བྱེད་སྒོ་སྣ་མང་བརྒྱུད་ནས་ཡ་རབས་སྲོལ་བཟང་དེ་སློབ་གྲྭ་ནས་ཁྱིམ་ཚང་བར་ཁྱབ་པར་བྱས་ཡོད།
གྲོང་ཁྱེར་སློབ་གསོ་ཅུས་བསམ་བློ་ཆབ་སྲིད་ཁོའོ་ཡི་ལས་བྱེད་པ་ལིའུ་ཡན་ཉིང་གིས། སླད་ཕྱིན་ང་ཚོས་སློབ་མའི་ཡ་རབས་བྱང་ཚད་དང་ལྷག་དོན་དུ་ཡ་རབས་ངང་དྲ་བར་ཞུགས་པའི་ཐད་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། སློབ་གྲྭའི་ཕྱི་ནང་གཉིས་དང་། དྲ་ཐོག་དང་དྲ་ཕྱི་གཉིས་ཟུང་འབྲེལ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
པར་འདི་ནི་སློབ་མར་དྲ་རྒྱའི་ཡ་རབས་སྲོལ་བཟང་གི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社