ཉེ་ཆར། མལ་གྲོ་གུང་དཀར་རྫོང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་8དང་མཉམ་དུ་མལ་གྲོ་གུང་དཀར་རྫོང་སློབ་འབྲིང་དུ་ལོ་13ནས་14བར་གྱི་སློབ་གྲྭར་ཡོད་པའི་སློབ་མ་བུ་མོར་དམིགས་ནས་རིན་མེད་ངང་HPVཡི་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་ཡོད། མིག་སྔའི་བར། སློབ་གྲྭར་ཡོད་པའི་སློབ་མ་བུ་མོ་386ལ་བདེ་བླག་ངང་སྨན་ཁབ་བརྒྱབ་ཡོད། ད་ཐེངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་དེས་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་རམ་འདེགས་བྱས་ཡོད།
པར་འདི་ནི་སློབ་མ་ཚོར་རིམས་འགོག་སྨན་ཁབ་རྒྱག་བཞིན་པའི་རྣམ་པ་ཡིན།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社