ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།གསར་འགོད་པར་བོད་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩ་འཕར་བྱེད་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་རང་ལྗོངས་སུ་གནས་པའི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་ཡིད་རྟོན་དངུལ་བུན་གྱི་ཁྱབ་རྒྱ་མི་འདང་བའི་གནད་དོན་ལ་དམིགས་ནས།བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལམ་སྲོལ་གསར་པ་འཛུགས་པ་དང་སྲིད་ཇུས་ལེགས་སུ་གཏོང་བའི་ཐད་ནས་འགོ་བཙུགས་ཏེ།ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་དང་འགག་གནད་ནུས་ཤུཊ་ཡོད་རྒུས་ཤར་གཏོང་ཐུབ་པར་བྱས་ཡོད།
བོད་ལྗོངས་དངུལ་རྩ་ལྟ་སྐུལ་དོ་དམ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་ཧྲེ་ཧྥུ་ཐན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ལམ་སྲོལ་གསར་པ་བཙུགས་པ་དེ་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་ཞིག་རེད།བོད་ལྗོངས་དངུལ་རྩའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་11དང་མཉམ་དུ་ལྗོངས་དང་།གྲོང་ཁྱེར།རྫོང་བཅས་ཀྱི་རིམ་གསུམ་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་བཙུགས་པར་མ་ཟད།ལས་ཀའི་ཆེད་དོན་ཚོགས་ཆུང་བཙུགས་ཏེ་ཁེ་ལས་ཁྲི་སྟོང་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ནས་མ་དངུལ་གྱི་དགོས་མཁོའི་འོས་སྦྱོར་གསལ་ཐོ་ཞིག་ཆགས་པར་བྱས་ཏེ་དངུལ་བུན་ཐོག་མར་གཏོང་མཁན་དུད་ཚང་དང་ཡིད་རྟོན་དངུལ་བུན་གཏོང་ཚད་གཙོ་གནད་ཐོག་མཐོ་རུ་གཏོང་རྒྱུ་རེད།
སྲིད་ཇུས་བཟང་པོ་ལེགས་སྒྱུར་བྱེད་པ་ནི་མ་རྩ་ཕྱིར་སློག་བྱེད་མི་དགོས་པར་མུ་མཐུད་དུ་དངུལ་བུན་གཏོང་བའི་སྲིད་ཇུས་ལེགས་སྒྱུར་བྱེད་པ་དེ་ཡིན།རང་ལྗོངས་ཀྱིས་མ་རྩ་ཕྱིར་སློག་བྱེད་མི་དགོས་པར་མུ་མཐུད་དེ་དངུལ་བུན་གཏོང་བའི་སྲིད་ཇུས་མུ་མཐུད་ནས་ལེགས་སུ་བཏང་ནས་མུ་མཐུད་དེ་དངུལ་བུན་གཏོང་ཡུལ་དེ་དེ་སྔའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁག་ཅིག་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཚང་མར་རྒྱ་སྐྱེད་གཏོང་རྒྱུ་དང་། མུ་མཐུད་ནས་དངུལ་བུན་གཏོང་བའི་སྲིད་ཇུས་ཀྱི་དུས་རིམ་རང་བཞིན་དེ་ཁེ་ལས་འབྲིང་བའི་གྲས་སུ་རྒྱ་སྐྱེད་གཏོང་རྒྱུ་དང་།ཁྲིམས་མཐུན་ལུགས་མཐུན་དང་།རྒྱུན་མཐུད་གཉེར་སྐྱོང་།ཡིད་རྟོན་བཟང་བ་བཅས་ཀྱི་ཁེ་ལས་ཀྱི་དངུལ་བུན་གཏོང་ཡུན་ཕྱིར་འགྱངས་བྱ་རྒྱུ་དེ་མུ་མཐུད་དེ་དངུལ་བུན་གཏོང་བའི་རྐྱེན་གྱིས་ཉེན་ཁའི་རིགས་དབྱེ་དམའ་རུ་མི་གཏོང་རྒྱུ་དང་།རང་འགན་གཙང་སྒྲུབ་དང་འགན་འཁྲི་མི་འཁུར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་ཡིད་རྟོན་དངུལ་བུན་མི་སྣས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་ལས་སྒོ་སྤེལ་བའི་དོགས་འཆར་ཐག་གཅོད་བྱས་ཏེ་དངུལ་བུན་གཏོང་ཕོད་པ་དང་། དངུལ་བུན་གཏོང་འདོད་པ།དངུལ་བུན་གཏོང་ཐུབ་པ། དངུལ་བུན་གཏོང་མཁས་པ་བཅས་ཀྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱས་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社