(པར་ངོས་དང་པོར་མཐུད)འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་གྲོས་བསྡུར་བྱས་པ་དང་། བསམ་འཆར་དང་གྲོས་འགོར་གསན་ནས་ཡུལ་དངོས་སུ་ཐག་གཅོད་ཀྱི་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། དུས་ཚོད་ཁ་གསལ་བཟོས་ཏེ།གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཀྱང་བཏང་བ་རེད།
ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། རིམ་པ་ཁག་དང་ཚན་པ་ཁག་གིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་མི་དམངས་ཀྱི་ཆེད་དུ་ཡིན་པའི”ལས་ཀའི་འདུ་ཤེས་བརྟན་པོར་བཙུགས་ནས་སེམས་ནུས་ཡོད་རྒུས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། ཡིག་བསྐུར་ངོ་བཅར་གྱི་ལས་དོན་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་གི་བསམ་བློར་ཤུགས་སྣོན་རྒྱག་པ། མང་ཚོགས་ལ་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས། ཡིག་བསྐུར་ངོ་བཅར་གྱི་ལས་དོན་སྒྲུབ་པའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ་དང་། མཐུན་སྦྱོར་གཞོགས་འདེགས་དང་རྗེས་སྙེགས་སྐུལ་སྒྲུབ་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བྱ་བ་ཚང་མ་དོན་འཁྱོལ་ཐུབ་པ་དང་ཚང་མར་ལན་ཡོད་པར་བྱེད་དགོས། ཡིག་བསྐུར་ངོ་བཅར་ལས་དོན་གྱི་འདུ་ཤེས་དང་། བསམ་ཕྱོགས། ལམ་ལུགས་ལམ་སྲོལ། བྱ་ཐབས་བཅས་ལེགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་ནས། སྲིད་ཇུས་སྟངས་འཛིན་དང་། ཁྲིམས་ལྟར་ལས་སྒྲུབ། མང་ཚོགས་ཀྱི་ལས་དོན། འབྱུང་རྩ་ནས་བཅོས་སྐྱོང་། སྤྱི་འདོམས་ངང་ཐག་གཅོད་སོགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་ནུས་ཤུགས་ཡོད་རྒུས་བཀག་སྟེ།ཡིག་བསྐུར་ངོ་བཅར་ལས་དོན་གྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社