分享按钮

བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)མཁའ་འགྲུལ་ཡུལ་སྐོར་ལམ་ཐིག་གི་ཐོན་ཟོག་གསར་སྤེལ།བརྒྱུད་རིམ་ཧྲིལ་པོ་ཤར་གཏོང་གི་རྒྱལ་ནང་འགྲུལ་བཞུད་གནམ་གྲུ་གཏོད་རྒྱུ་སོགས་ཀྱི་གཙོ་དོན་ལ་དམིགས་ཏེ་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་དང་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དང་མཉམ་འབྲེལ་ཐོག་ཧྲོང་ལིའུ་དང་བོད་ལྗོངས་མཉམ་དུ་སྦྲེལ།ལྷ་སར་སྔར་བས་བཀྲ་ཤིས་ཡོང་ཞེས་པའི་མཁའ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དྲ་ཐོག་དྲ་འོག་འོས་སྦྱོར་བྱེད་སྒོ་ཐོག་མར་སྤེལ་བ་དང་།དྲ་ཐོག་ཏུ་བཞུར་ཚད་ཐེངས་ཁྲི་220ཟིན་ནས་རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྙན་གྲགས་དང་།མཚན་སྙན།ཤུགས་རྐྱེན་བཅས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད་པ་རེད།

མིག་སྔའི་བར།གནམ་ཐང་ཚོགས་པས་འདི་ལོ་མཁའ་ལམ་10མང་དུ་བཏང་ནས་ཀ་ཏ་མན་རྡུའི་རྒྱལ་སྤྱིའི་མཁའ་ལམ་སླར་གསོ་བྱས་པ་དང་སིང་ཀ་ཕོར་དང་ཤང་ཀང་བར་གྱི་མཁའ་ལམ་གཏོད་རྒྱུའི་གྲ་སྒྲིག་ཀྱང་བྱས་པ་དང་། དགུན་དཔྱིད་ཀྱི་འགྲུལ་བཞུད་དུས་ཚིགས་སུ་སན་མིང་དང་། ཧོ་ཧྥེ། ཧའེ་ཁོའུ། ཧྲེ་ཅ་ཀྲོང་སོགས་ཀྱི་འགྲུལ་བཞུད་བྱེད་གནས་གསར་སྣོན་བྱ་རྒྱུ། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་དང་། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ། ཤར་ཕྱོགས་མཁའ་འགྲུལ། བོད་ལྗོངས་མཁའ་འགྲུལ་སོགས་མཁའ་འགྲུལ་ཀུང་སི་18ཀྱིས་གྲོས་མཐུན་1006ལ་ཐོ་འགོད་སྙན་སེང་བྱས་པ་དང་དུས་གཏན་གནམ་གྲུའི་ལན་གྲངས་1172ཟིན་ནས་ཐེངས་གཅིག་གི་གནམ་གྲུ་དང་། རྡོག་ཁྲེས་ཐད་ཀར་འགེལ་བ། མགྱོགས་མྱུར་བདེ་འཇགས་ཞིབ་བཤེར། རྡོག་ཁྲེས་མངགས་བཅོལ་བཅས་མངོན་འགྱུར་བྱུང་བ་རེད། ཟླ་2ཚེས་16ཉིན་ཆབ་མདོའི་སྤང་མདའ་གནམ་ཐང་གིས་ཉིན་གཅིག་ལ་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་30བྱས་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་2447ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ཟླ་3ཚེས་30ཉིན་ཉིང་ཁྲིའི་སྨན་གླིང་གནམ་ཐང་གིས་ཉིན་གཅིག་ལ་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་34དང་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་3810ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།ཟླ་7ཚེས་21ཉིན་ལྗོངས་ཡོངས་སུ་ཉིན་གཅིག་ལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་29892ཟིན་ནས་གནམ་གྲུ་ཤར་གཏོང་ཐུབ་ཚུན་ཉིན་གཅིག་ནང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་ཡིན་པ་དང་།ཟླ་7ཚེས་31ཉིན་ལྗོངས་ཡོངས་ཀྱི་ཟླ་བ་གཅིག་ནང་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་80ལས་ཐོག་མར་བརྒལ་བ། ཟླ་11ཚེས་4ཉིན་ཉིང་ཁྲིའི་སྨན་གླིང་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་70ལས་ཐོག་མར་བརྒལ་བ། ཟླ་11ཚེས་17ཉིན་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་2023ལོའི་ཆུ་ཚད་ལས་བརྒལ་ནས་མི་ཐེངས་ཁྲི་547.8ཟིན་ཡོད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-26 6 6 拉萨日报藏文 c191691.html 1 བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ། /enpproperty-->