分享按钮

ཕོ་བྲང་པོ་ཏ་ལའི་མེ་ཟོན་དགོད་སྤྲོའི་ལུས་རྩལ་ འགྲན་ཚོགས་སྐབས་དྲུག་པ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།

ཉེ་ཆར། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕོ་བྲང་པོ་ཏ་ལའི་རུ་ཆེན་དང་མཉམ་དུ་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དུ་དམངས་ཡོངས་ཀྱི་མེ་ཟོན་དང་། ཚེ་སྲོག་གོང་དུ་བཀུར་ཞེས་པ་གཙོ་དོན་དུ་བྱས་པའི་ཕོ་བྲང་པོ་ཏ་ལའི་མེ་ཟོན་གྱི་དགོད་སྤྲོའི་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་སྤེལ་བ་རེད།

ལུས་རྩལ་འགྲན་ཚོགས་སྤེལ་ཡུལ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་སྡེ་ཚན་ཁག་གི་འགྲན་ཞུགས་པ་ཚང་མས་སྙིང་སྟོབས་ཆེར་སྐྱེད་ཀྱིས་དགོད་སྤྲོའི་ལུས་རྩལ་གྱི་རྣམ་གྲངས་ཁག་ནང་ཧུར་ཐག་ཞུགས་ཤིང་། དེ་ལས་ལས་བྱེད་པ་དང་ལས་བཟོ་བའི་གསོན་ཤུགས་དང་ཉམས་འགྱུར་གང་ལེགས་མངོན་པར་མ་ཟད། ད་དུང་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་ཆེན་པོ་དང་ཆོད་སེམས་བརྟན་པོ་དེ་བས་མངོན་ཡོད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཕོ་བྲང་པོ་ཏ་ལའི་རུ་ཆེན་གྱི་རུ་དཔོན་གཞོན་པ་སྐལ་བཟང་དོན་གྲུབ་ཀྱིས། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་སྤེལ་བའི་དམིགས་ཡུལ་ནི་ལས་བྱེད་པ་དང་ལས་བཟོ་བ་ཚོར་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་དུ་མེ་ཟོན་ཤེས་བྱ་སློབ་སྦྱོང་བྱེད་དུ་བཅུག་ནས་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ། སྤྱི་དམངས་ལ་མེ་ཟོན་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་མངོན་པར་བྱས་ཏེ། མི་དེ་བས་མང་བས་མེ་ཟོན་བདེ་འཇགས་ལ་དོ་ཁུར་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དེ་ཡིན་ལ། མེ་ཟོན་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོར་ཞུགས་ཏེ། སྤྱི་ཚོགས་ཡོངས་མཉམ་དུ་མེ་ཟོན་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད་ཀྱང་ཡིན་ཞེས་བཤད།

ད་ཐེངས་ཀྱི་དགོད་སྤྲོའི་ལུས་རྩལ་འགྲན་ཚོགས་ནང་། མེ་ཟོན་གྱི་གཙོ་དོན་ལ་དམ་པོར་དམིགས་ནས་ངོ་མཚར་ལྡན་པའི་ངང་ལྟ་འདོད་རང་བཞིན་དང་། མཉམ་འགུལ་རང་བཞིན། མེ་ཟོན་ལས་སྒོའི་རྩལ་ནུས་དངོས་སྦྱོང་བཅས་མཉམ་འདྲེས་ཡག་པོ་བྱས་ཏེ། རོལ་རྩེད་དང་འགྲན་བསྡུར་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་རྩ་ཆེའི་འཛམ་གླིང་གི་རིག་གནས་ཤུལ་བཞག་སྟེ་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱ་ཆེད།མེ་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་འདི་ནི་འགྲན་ཞུགས་པས་དགོད་སྤྲོའི་འགྲན་བསྡུར་གྱི་རྣམ་གྲངས་ནང་ཞུགས་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 6 6 拉萨日报藏文 c191591.html 1 ཕོ་བྲང་པོ་ཏ་ལའི་མེ་ཟོན་དགོད་སྤྲོའི་ལུས་རྩལ་ འགྲན་ཚོགས་སྐབས་དྲུག་པ་སྤེལ་བ། /enpproperty-->