分享按钮

(པར་ངོས་དང་པོར་མཐུད)རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྤྱད་འཐུས་ཀྱི་དུས་ཡུན་དེ་2026ལོའི་ཟླ་12ཚེས་31ཉིན་བར་རིང་དུ་བཏང་ནས་ས་ཁང་བདག་ཁོངས་ལས་རིགས་ཀྱི་ལུགས་མཐུན་ངང་མ་དངུལ་བསྡུ་སྒྲིལ་བྱེད་པའི་དགོས་མཁོ་བསྐངས་ཡོད།

དེ་དང་ཆབས་ཅིག་མཉམ་ཉོ་བསྐྱར་སྒྲིག་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས།ཚོང་རར་འདོན་མཁན་ཀུང་སི་དང་ལྷག་པར་དུ་ས་གནས་གཞུང་ཁོངས་རྒྱུ་ནོར་མ་རྐང་ཚོད་འཛིན་ཚོང་རར་འདོན་མཁན་ཀུང་སིས“མཉམ་ཉོའི་དོན་ཚན་དྲུག”བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་ཡོང་རྒྱུར་སྐུལ་ལྕག་བྱས་པ་དང་།ཆ་རྐྱེན་འཛོམས་པའི་ཚོང་རར་འདོན་མཁན་ཀུང་སིས་ཚུར་ཉོ་དང་དངུལ་སྨར་གྱི་ཁེ་སྤོགས་བགོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཚོང་རར་འདོན་མཁན་ཀུང་སིའི་མ་འཇོག་གི་རིན་ཐང་ནུས་ལྡན་ངང་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱས་པ་རེད། འདི་ལོ་ནས་བཟུང་།རང་ལྗོངས་ཀྱི་ཚོང་རར་འདོན་མཁན་ཀུང་སི་9ཡིས་ཚུར་ཉོར་སྒོར་དུང་ཕྱུར་6.55བཏང་བ་དང་། ཚོང་རར་འདོན་མཁན་ཀུང་སི་17ལ་དངུལ་སྨར་བགོ་འགྲེམས་ཀྱི་སྒོར་དུང་ཕྱུར་32.24བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

ནུས་ཤུགས་ཡོད་རྒུས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ལ་ཐག་གཅོད་བྱ་ཆེད། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། “ཁེ་ལས་ཁྲི་སྟོང་ལ་འཚམས་འདྲིར་སྐྱོད་པའི”བྱེད་སྒོ་སྤེལ་ནས་མ་དངུལ་གྱི་དགོས་མཁོའི་འོས་སྦྱོར་གསལ་ཐོ་གྲུབ་ཡོད། མུ་མཐུད་ནས་དངུལ་བུན་གཡར་ཡུལ་དེ་དེ་སྔའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཁག་ཅིག་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཚང་མར་རྒྱ་སྐྱེད་གཏོང་རྒྱུ་དང་།ཆ་རྐྱེན་འཛོམས་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་མ་དངུལ་འཇལ་མི་དགོས་པར་མུ་མཐུད་ནས་མ་དངུལ་བསྡུ་སྒྲིལ་བྱ་རྒྱུ་རེད།2027ལོའི་ཟླ་9ཚེས་30ཉིན་དུས་བཀག་ཐིམ་པའི་ཁེ་ལས་འབྲིང་གྲས་ཀྱི་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་ཚང་མ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་སྲིད་ཇུས་གཞིར་བཟུང་མུ་མཐུད་ནས་དངུལ་བུན་གཡར་ཆོག་གི་ཡོད།

ཉེ་ཆར།རང་ལྗོངས་ཀྱིས“འཛད་སྤྱོད་ཀྱི་འགག་སྒྲོལ་དམག་འཐབ་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ”བཏོན་པ་དང་། དངུལ་རྩའི་ཁོངས་གཏོགས་ཀྱིས་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་དང་།དེ་བཞིན་རང་སྐྱོང་ལྗོངས་ཀྱིས་སྤེལ་བའི“དགུན་དུས་བོད་ཡུལ་སྐོར་བ”དང་། འཛད་སྤྱོད་ཁ་གསབ་སོགས་ཀྱི་བྱ་སྤྱོད་ལ་ཟུང་འབྲེལ་གྱིས་རླངས་འཁོར་དང་སྡོད་ཁང་སོགས་འཛད་སྤྱོད་ཆེ་རིགས་ལ་སྐུལ་ལྕག་བྱས་ཏེ།ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།རླངས་འཁོར་གྱི་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་།རླངས་འཁོར་བརྗེ་ལེན་བརྒྱུད་རིམ་དུ་འཛད་སྤྱོད་པར་རླངས་འཁོར་བརྗེ་ལེན་གྱི་མཐུད་འབྲེལ་དངུལ་བུན་སོགས་ཀྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱས་པ། རླངས་འཁོར་སྐས་རིམ་བཞིན་འཛད་སྤྱོད་བྱེད་པ་དང་འཛད་སྤྱོད་གསར་སྒྱུར་བྱེད་པར་སྐུལ་ལྕག་བྱས་ཡོད།“གངས་ལྗོངས་ཞིང་དར་eདངུལ་བུན”དང་། “མཛེས་སྡུག་ལྡན་པའི་བོད་ལྗོངས།རྨང་གཞིའི་ཐོན་ལས་ཀྱི་དངུལ་བུན” “བོད་ཁྱིམ་eདངུལ་བུན”སོགས་ཀྱི་ཐོན་རྫས་བཏོན་ནས་འབྲི་གཡག་དང་། བོད་ཕག བོད་བྱ། བོད་སྨན་གྱི་སྨན་རྒྱུ་སོགས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྣམ་གྲངས་ལ་དམིགས་ཏེ།ཞིང་དུད་དང་དེ་བཞིན་ཞིང་ལས་དཔལ་འབྱོར་དངོས་ཚན་གསར་པར་འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་མཁོ་འདོན་བྱས་པ་དང་།རྨང་གཞིའི་སྒྲིག་བཀོད་ལེགས་སུ་འགྲོ་རྒྱུར་རམ་འདེགས་བྱས་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 6 6 拉萨日报藏文 c191583.html 1 /enpproperty-->