分享按钮

ལྷ་ས་གྲོང་ཁྱེར“རང་བྱུང་ཁམས་ཀྱི་གྲོང་ཁྱེར”ལ་བདམས་པ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་སྲིད་གཞུང་གིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་མཐོང་ཆེན་གནང་བ་ལས་ཐོབ་པ་ཞིག་ཡིན་པ་དང་། ད་བར་དུ་ལྷ་ས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་པ། “འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”རྩ་དོན་མཐའ་འཁྱོངས་བྱས་པ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གཏོད་པའི་ལས་དོན་སྤེལ་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་ནས་ལེགས་པར་བརྒྱབ་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ལག་ལེན་དུ་བསྟར་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་དང་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་འབྲེལ་ཡོད་ཁྲིམས་སྲོལ་ལམ་ལུགས་སྔར་བས་ཚད་ལྡན་དང་འཐུས་ཚང་དུ་བཏང་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ལ་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་སོགས་ལས་དོན་མང་དག་ཅིག་བསྒྲུབས་ཡོད།

མ་འོངས་པར་ལྷ་ས་གྲོང་ཁྱེར་གྱིས“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”རྩ་དོན་མུ་མཐུད་ནས་མཐའ་འཁྱོངས་བྱས་ཏེ།གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་སྔར་བས་བྱ་རྒྱུ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-25 6 6 拉萨日报藏文 c191582.html 1 ལྷ་ས་གྲོང་ཁྱེར“རང་བྱུང་ཁམས་ཀྱི་གྲོང་ཁྱེར”ལ་བདམས་པ། /enpproperty-->