ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་11ཚེས་19ཉིན་བར། རྒྱལ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་རྙིང་ཚབ་གསར་བརྗེས་ལས་དོན་ཁྲོད། རྙིང་པ་བསྡུ་ཚད་ཁྲི་50ལས་བརྒལ་བ་དང་གསར་བརྗེས་བྱེད་ཚད་ཁྲི་50ལས་བརྒལ་ཡོད་པ་རེད།
ཟླ་11ཚེས་19ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་ཚང་མས་གློག་སྒུལ་རྐང་འཁོར་རྙིང་ཚབ་གསར་བརྗེ་བྱེད་པའི་ལག་བསྟར་ཞིབ་སྲོལ་བཏོན་ཏེ། གློག་སྒུལ་རྐང་འཁོར་རྙིང་པའི་བསྡུ་ཚད་ཁྲི་50.57ཟིན་པ་དང་།གསར་དུ་བརྗེས་པའི་གློག་སྒུལ་རྐང་འཁོར་གསར་པ་ཁྲི་50.57ཟིན་ནས་རིམ་རྩིས་བྱས་ན་གློག་སྒུལ་རྐང་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་12.91ཟིན་པར་སྐུལ་ཁྲིད་བྱས་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社