分享按钮

གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྷུན་གྲུབ་རྫོང་དུ་ཆེད་དོན་ཁྲིམས་སྐྱོང་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཆགས་སྲེད་ཀྱི་བཙན་གནོད་གྱོད་གཞི་ཐོན་རྒྱུར་སྔོན་འགོག་བྱས་ནས་ནར་མ་སོན་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་བདེ་འཇགས་ཀྱི་འགོག་སྲུང་འཛིན་རགས་བརྟན་པོ་ཞིག་འཛུགས་ཆེད། ཟླ་11ཚེས་21ཉིན། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ནར་མ་སོན་པའི་མིའི་ཞིབ་དཔྱོད་པུའི་ཀྲུའུ་རེན་ཕུར་བུ་མཚམས་གཅོད་ཀྱི་ལས་དོན་ཁང་གིས་རྫོང(ཆུས)ཁག་གི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཆགས་སྲེད་ཀྱི་གནོད་འཚེའི་རིགས་སྔོན་འགོག་དང་། ལོ་ཆུང་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་ཁྲིམས་སྐྱོང་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་ལྷུན་གྲུབ་རྫོང་དུ་སྤེལ་བ་རེད།

དེ་ཉིན་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ལྟེ་བའི་སློབ་ཆུང་དུ་རྒྱལ་ཁབ་ཀྱི་མཐོ་རིམ་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་པ་དང་སེམས་ཁམས་བློ་འདྲི་བ་གདན་དྲངས་ནས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཕུར་བུ་མཚམས་གཅོད་ཀྱི་ནར་མ་སོན་པའི་མིའི་གནོད་འཚེ་སྔོན་འགོག་གི་ཞིབ་དཔྱོད་ལས་དོན་ཁང་གི་ཞིབ་དཔྱོད་ཉེན་རྟོག་པ་དང་མཉམ་དུ་སློབ་མ་དང་། ཁྱིམ་བདག དགེ་རྒན་སོགས་ལ་ཆགས་སྲེད་ཀྱི་གནོད་འཚེ་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱའི་སློབ་གསོ་སྤེལ་བ་རེད། གསོན་ཉམས་ལྡན་པའི་གྱོད་དཔེར་དབྱེ་ཞིབ་དང་གསོན་ཉམས་དོད་པའི་བརྙན་ལམ་བསྟན་པ་བརྒྱུད་སློབ་གྲྭར་འགྲོ་མུས་སློབ་མར་ཆགས་སྲེད་བཙན་གནོད་ཀྱི་མཚན་ཉིད་དང་། གནོད་འཚེ། རྒྱུན་གཏན་གྱི་རྣམ་པ་བཅས་དོན་ཟབ་ལ་གོ་བདེ་བའི་ངང་རྒྱས་བཤད་བྱས་པ་དང་། ཉེན་ཁའི་གནས་ཚུལ་དང་ཆགས་སྲེད་ཀྱི་བཙན་གནོད་སྔོན་འགོག་བྱེད་ཐབས། དེ་བཞིན་གནོད་འཚེ་ཕོག་རྗེས་ཀྱི་ཁ་གཏད་གཅོག་ཐབས་སོཊ་སློབ་གྲྭ་དང་ཁྱིམ་བདག་ལ་བཙན་ཤེད་ངང་སྙན་སེང་ཞུ་བའི་ལམ་ལུཊ་དང་ལས་ཞུཊ་འདྲི་རྩད་ལམ་ལུགས་སོཊ་གཙོ་གནད་ཐོག་ནན་བཤད་བྱས་ཡོད་པ་རེད།

ལྷུན་གྲུབ་རྫོང་མཚོ་སྟོད་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་དབྱངས་སྒྲོལ་གྱིས་དེ་རིང་རྒན་ལགས་རྣམ་པས་ཁྲིད་པའི་སློབ་ཚན་ལས་འཚོ་བའི་ཁྲོད་ངས་རང་ཉིད་ལ་སྲུང་སྐྱོང་བྱེད་དགོས་པ་ཤེས་བྱུང་། གལ་སྲིད་ཆགས་སྲེད་ཀྱི་གནོད་འཚེ་ཕོག་ཚེ་དུས་ཐོག་ཏུ་དཔང་རྟགས་ཉར་ནས་གཟུགས་པོ་འཁྲུ་མི་ཉན་ལ་སྐབས་དེ་དུས་ཀྱི་གྱོན་ཆས་ཀྱང་དབྱུག་མི་ཉན་པར་དུས་ཐོག་ཏུ་ཁྱིམ་བདག་དང་དགེ་རྒན་ལ་ཤོད་པ་དང་དེ་རྗེས་ཉེན་རྟོག་པར་སྙན་སེང་ཞུ་དགོས་ཞེས་བཤད།

གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ནར་མ་སོན་པའི་མིའི་ཞིབ་དཔྱོད་པུའི་ཀྲུའུ་རེན་ཕུར་བུ་མཚམས་གཅོད་ཀྱིས་ད་ཐེངས་ཀྱི་ཁྲིམས་སྐྱོང་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་དུས་ཡུན་ཉིན་40ཡིན་ཞིང་། ས་ཚིགས་དང་པོ་དེ་འདམ་གཞུང་རྫོང་དུ་བསྐྱོད་ཅིང་། འདམ་གཞུང་རྫོང་གི་ཤང་དང་གྲོང་རྡལ་དང་སློབ་གྲྭ་ཚང་མར་ཁྱབ་པ་དང་ས་ཚིགས་གཉིས་པ་དེ་ལྷུན་གྲུབ་རྫོང་ཡིན། རྗེས་མར་ང་ཚོས་རྫོང(ཆུས)ཁག་གི་དོན་དངོས་གཞིར་བཟུང་། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་རྡལ་དང་སློབ་གྲྭ་ཚང་མར་སྒྲོག་འགྲེལ་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བཤད།

སློབ་གསོ་ནི་སྔོན་འགོག་ལེགས་ཤོས་དང་། སྔོན་འགོག་ནི་སྲུང་སྐྱོང་ལེགས་ཤོས་ཡིན། དེ་རྗེས་སྐོང་ཚོགས་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང(ཆུས)ཁག་གི་ཞིབ་དཔྱོད་ཁང་ལ་ནར་མ་སོན་པའི་མིར་ཆགས་སྲེད་ཀྱི་བཙན་གནོད་ཉེས་གསོག་གི་དུས་བབ་ཛ་དྲག་པོ་དེར་ངོས་འཛིན་གསལ་པོ་བྱས་ནས། བྱེད་སྒོ་དེ་སྤེལ་བའི་གལ་ཆེའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། ཆེད་དོན་བྱེད་སྒོ་དེ་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་ལས་ཀའི་སྤྱི་ཡོངས་ནང་འཇུག་དགོས་ཤིང་། གཞོགས་འདེགས་དམ་ཟབ་དང་ཐུན་མོང་ཐོག་དམ་འཛིན་ཡག་པོ་བྱས་ཐོག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས སློབ་གྲྭ་དང་། སྡེ་ཁུལ།ཁྱིམ་བདག་དང་དེ་བཞིན་འབྲེལ་ཡོད་ཚན་པ་བཅས་དང་འབྲེལ་གཏུགས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་ཁྲིམས་སྐྱོང་སློབ་གསོའི་མཐུན་ཆ་ཆེ་ཤོས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-24 6 6 拉萨日报藏文 c191566.html 1 གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྷུན་གྲུབ་རྫོང་དུ་ཆེད་དོན་ཁྲིམས་སྐྱོང་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བ། /enpproperty-->