分享按钮

གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་གསོ་སྦྱོང་ཚོཊ་འདུ་ཐེངས་གསུམ་པ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དངུལ་རྩའི་ཤེས་བྱ་ཁྱབ་གདལ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་གཏོང་ཆེད། ཟླ་11ཚེས་22ཉིན།གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་།ཆེད་ལས་འཆད་ཁྲིད་དགེ་རྒན་མ་ཅན་ཤིན་དང་ཀྲའོ་ཏན་དབྱང་གིས་འབྲེལ་ཡོད་དོན་ཚན་ཐད་གོ་བདེ་ལ་ཤེས་སླ་བའི་ངང་དབྱེ་ཞིབ་བྱས་ནས་ཚང་མར་ལུགས་མཐུན་བཀོལ་སྤྱོད་ཀྱི་གལ་ཆེའི་རང་བཞིན་གསལ་པོ་ཡོང་བར་བྱས་པ་དང་འབྲེལ། གྱོད་དཔེ་ངོ་མ་དྲངས་ནས་གསལ་བཤད་དང་དབྱེ་ཞིབ་བྱས་ནས་ཚང་མར་ཁ་བསླུས་རྒྱག་ཐབས་སྣ་ཚོགས་ལ་ངོས་འཛིན་བྱེད་པར་རོགས་རམ་བྱས་ཏེ། འབྲེལ་ཡོད་དངུལ་རྩའི་གཡོ་རྙིའི་ནང་མི་ཚུད་པར་བྱས་པ་རེད།

བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱས་པས་ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱི་གསོ་སྦྱོང་ནང་ཞུགས་མཁན་ཚོས་དུས་ཐོག་ཏུ་ལྟ་བ་དང་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད། གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་རྗེས་སུ་བྱེད་སྒོ་དེ་རིགས་མུ་མཐུད་སྤེལ་ནས་རྒྱ་ཆེའི་མང་ཚོགས་ལ་སྤྱོད་གོ་ཆོད་པའི་དངུལ་རྩའི་ཤེས་བྱ་རྒྱུན་ཆད་མེད་པར་དྲིལ་བསྒྲགས་བྱས་ཏེ།སྐྱོན་བྲལ་དང་གོ་རིམ་ལྡན་པའི་དངུལ་རྩའི་ཁོར་ཡུག་ལེགས་པོ་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-24 6 6 拉萨日报藏文 c191564.html 1 གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་གསོ་སྦྱོང་ཚོཊ་འདུ་ཐེངས་གསུམ་པ་འཚོཊ་པ། /enpproperty-->