分享按钮

ཞི་ཅིན་ཕིང་དང་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་བ།

(པར་ངོས་དང་པོར་མཐུད)དེའི་ནང་ནས་གལ་ཆེ་ཤོས་ནི་ང་ཚོས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྔར་བས་གཞུང་དྲང་གི་འཛམ་གླིང་དང་སྔར་བས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་ཆབས་ཅིག“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པར་ཙིར་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུའི་ཐག་བཅད་པ་དེ་ཡིན། འཛམ་གླིང་གི་ཆགས་སྟངས་ཐད་འགྱུར་ལྡོག་འགྲོ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག འདིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། འགྱུར་ལྡོག་གཏོང་བའི་རེ་བ་བཅས་ཀྱི་ཆོད་སེམས་མཚོན་ཐུབ་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས་རྗེས་མའི་རྫོགས་ལྡན་ལོ་ངོ་50འཆར་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པ་དང་། ཆབས་ཅིག་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་དང་རང་སྟོབས་འཕེལ་བའི་མིག་དཔེ་ལྟ་བུ་ཞིག་ཏུ་གྱུར་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་འཐུས་མིའི་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་ཐུབ་ངེས་རེད།

ང་ཚོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ངང་ཟབ་ཏུ་བཏང་སྟེ།བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་གནད་དོན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། རང་ངོས་ཀྱི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པའི་ངོས་ནས། ང་ཚོས་ད་དུང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་རང་འགུལ་ངང་ཕྲག་ཏུ་འཁུར་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

ང་ཚོས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་སྟེ། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ནུས་རྒྱུ་གཞན་སྒྱུར་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། གནོད་མེད་གཏེར་ཐོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དུས་ཚོད་ལ་དམ་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བ་བཅས་བྱས་ཏེ། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རོགས་བྱ་རྒྱུ་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།

ང་ཚོས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་མུ་མཐུད་ནས་མཉམ་ལས་དམ་ཟབ་བྱས་ནས། བཀྲེས་ལྟོགས་དང་དབུལ་ཕོངས། ས་ཁུལ་གྱི་གདོང་ཐུག གནམ་གཤིས་ཀྱི་འགྱུར་ལྡོག དྲ་རྒྱའི་བདེ་འཇགས་སོགས་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་གི་ཆེད་དུ་ཀྲུང་པར་གྱི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ངོས་འཛིན་གཅིག་མཐུན་བྱུང་།སང་ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་གཉེར་ནས་ལོ་ངོ་10འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོས་པར་ཙིར་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། དེང་སྐབས་འཛམ་གླིང་ཞི་བདེ་དེ་ཙམ་མེད་པ་དང་། ད་དུང་ས་ཁུལ་མི་ཉུང་བ་ཞིག་ཏུ་དམག་འཁྲུག་གི་མེ་ལྕེ་འབར་ནས་ཟིང་ཆ་ཆེན་པོ་བྱུང་ཡོད། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ཀྱི་གཅིག་མཐུན་ཚོགས་པ་ཞིག་ཡིན་པས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ན་གཞི་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ། ཀྲུང་གོ་དང་པར་ཙིར་གྱིས་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི“ཐུན་མོང་གི་ངོས་འཛིན་ཁག་དྲུག”མཉམ་འབྲེལ་ཐོག་སྤེལ་བ་དང་འབྲེལ་གོ་ལ་ཧྲིལ་པོའི་འབྲེལ་ཡོད་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཡུག་རེན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོའི”ཚོཊ་ཆུང་འཛུཊ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ང་ཚོས་ཞི་བདེར་གཞོལ་བའི་འབོད་སྒྲ་དེ་བས་མང་བ་གཅིག་ཏུ་བསྡུས་ནས་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་ལམ་བུ་བརྟན་པོ་ཞིག་འདིང་དགོས། ཅ་ཧྲའི་གདོང་ཐུག་རྒྱུན་མཐུད་ངང་མཆེད་པར་ང་ཚོས་སེམས་ཁྲལ་ཆེན་པོ་བྱེད་པ་དང་འབྲེལ་གང་མགྱོགས་དམག་རྒྱག་མཚམས་འཇོག་པ་དང“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱས་ཏེ། ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་། དྲང་གཞག རྒྱུན་མཐུད་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན། ཀྲུང་པར་རྒྱལ་ཁབ་གཉིས་པོར་དྲང་བདེན་དར་སྤེལ་དང་བདེན་པ་སྐྱོང་བའི་སྲོལ་རྒྱུན་དང་འགན་འཁྲི་འཁུར་སེམས་ཡོད། ཀྲུང་གོས་པར་ཙིར་དང་མཉམ་དུ་ཀྲུང་པར་གྱི་ལས་དབང་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཕྱོགས་མང་རིང་ལུཊ་ངོ་མ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཏེ་འཕེལ་རྒྱས་ལས་དབུལ་ཕོངས་མི་དགོས་པ་དང་། མཉམ་ལས་ལས་ཁ་གཏད་དུ་མི་ལངས་པ། གཞུང་དྲང་ལས་བཙན་དབང་མི་དགོས་པ་བཅས་ཀྱི་དུས་རབས་གསར་པའི་འབོད་སྒྲ་དྲག་པོ་ཞིག་ཐུན་མོང་ཐོག་བསྒྲཊ་ནས་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་འདོད་ཡོད།

ལུའུ་ལ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཤིང་། ཁོང་གིས་གསུངས་དོན། པར་ཀྲུང་རྒྱལ་ཁབ་གཉིས་དབར་བར་ཐག་རིང་པོས་ཆོད་ཡོད་མོད། རིན་ཐང་གི་འདུ་ཤེས་འདྲ་པོ་དང་། ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ། མཛའ་གྲོགས་ཟབ་མོ་བཅས་ཡོད་པས། པར་ཀྲུང་གི་མཉམ་ལས་ལ་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་ཡོད། ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་དང་མ་འཇོག་གི་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་པར་ཙིར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་པར་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐག་བཅད་པ་དང་འབྲེལ་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དེ་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ་གཙོ་གནད་ཐོག་རྒྱུན་མཐུད་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ནུས་རྒྱུ་གཞན་སྒྱུར། འཇིག་རྟེན་འཕུར་སྐྱོད་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུའི་གཏན་འཁེལ་བྱས་པ་ཡིན། པར་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་སྤྱིའི་འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་ཚད་མཐོའི་གཅིག་གྱུར་ཡིན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་འབྲེལ“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ”ནང་སྔོན་ལ་ཞུཊ་པར་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུགས་དང་མཐུན་སྦྱོར་སྔར་བས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ཐུན་མོང་ཐོག་དར་སྤེལ་བཏང་སྟེ་དེ་བས་དྲང་གཞག་དང་དམངས་གཙོ། འདྲ་མཉམ། རྒྱུན་མཐུད་བཅས་ཀྱི་རྒྱལ་སྤྱིའི་མ་ལག་བཙུཊ་ནས་གླེང་མང་བའི་གནད་དོན་ཞི་བདེའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་པར་ཀྲུང་གི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་བྱེད་སྒོར་ཞུགས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-23 6 6 拉萨日报藏文 c191500.html 1 ཞི་ཅིན་ཕིང་དང་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་རྣམ་གཉིས་ཀྱིས་གསར་འགོད་པར་མཇལ་འཕྲད་གནང་བ། /enpproperty-->