(པར་ངོས་དང་པོར་མཐུད)ད་གིན་སྲིད་འཛིན་ལུའུ་ལ་ཡིས་ང་ལ་གུས་ལུགས་མཐོ་ཤོས་ཀྱི་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་ཤིག་བཤམས་པ་དེའི་ཐོག་ནས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་དེ་བཞིན་ཀྲུང་གོ་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་གང་ལེགས་མཚོན་ཡོད་པས་ང་ལ་སེམས་འགུལ་ཟབ་མོ་ཐེབས་བྱུང་།ཀྲུང་གོ་དང་པར་ཙིར་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན།འདས་ཟིན་པའི་ལོ་ངོ་50ལ་ཕྱིར་མིག་ལྟ་སྐབས་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རི་ཀླུང་ལས་བརྒལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་དབར་ཕན་ཚུན་བརྩི་འཇོག་དང་།གཉིས་ཁེ་མཛའ་གྲོགས། མཉམ་ལས་གཉིས་ཁེ་བཅས་ཀྱི་ཡང་དག་མཉམ་གནས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།པར་ཙིར་ནི་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་ཐོག་མ་དང་།ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མ་དེ་ཡིན། ཉེ་བའི་ལོ་ཤས་རིང་། ང་དང་སྲིད་འཛིན་ལུའུ་ལ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོ་ལས་དབང་གཅིག་མཐུན་གྱི་བློས་འགེལ་ཆོག་པའི་གྲོགས་པོ་དང་ཞི་བདེར་ཐུན་མོང་ཐོག་སྐུལ་མ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད།ཀྲུང་གོ་དང་པར་ཙིར་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་པར་མ་ཟད།རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡང་བྱས་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་དང་བསམ་འདུན་ཆེ་རུ་ཕྱིན་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ད་ཆ་ང་ཚོས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་ངེས་གནས་དེ་ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་གོ་ལ་ཞིག་ཏུ་བསྐྲུན་རྒྱུའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་ཆབས་ཅིག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུ་ཡིན། དེ་ནི་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་གཞན་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་དང་། འཐབ་ཇུས་རང་བཞིན།ཕུགས་ཕན་རང་བཞིན་བཅས་མངོན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་དང་མཐུན་ནས་ཕྱོགས་གཉིས་པོས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་ཀྲུང་གོ་དང་པར་ཙིར་གྱིས་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་དང་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཀྱང་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་སྟེ་དུས་རབས་གསར་པའི་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་ལས་རོགས་ཡག་ཤོས་ཤིག་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་། དེ་བས་གཞུང་དྲང་གི་འཛམ་གླིང་གཏོད་པ།དེ་བས་རྒྱུན་མཐུད་ཐུབ་པའི་གོ་ལ་ཞིག་བསྐྲུན་རྒྱུའི་དམིགས་ཚད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོས་འགོ་བཞི་བཏོན་གནང་བ་སྟེ།
གཅིག་ནི་ལས་དབང་གཅིག་མཐུན་ཡིན་ཞིང་།འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། དེ་ཡང་བདག་དབང་དང་།བདེ་འཇགས།མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་རོགས་ཟླ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དབར་གྱི་མཐུན་སྒྲིལ་མཉམ་ལས་དང་། གཉིས་ཕན་མཉམ་རྒྱལ།ཐུན་མོང་འཕེལ་རྒྱས་བཅས་ཀྱི་མིག་དཔེ་ཞིག་བྱེད་དགོས། རིག་གནས་དང་།སློབ་གསོ།གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུཊ་སྣོན་བརྒྱབ་ནས་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོཊ་པའི་དམངས་འདུན་གྱི་རྨང་གཞི་བརྟན་དུ་གཏོང་དགོས།
གཉིས་ནི་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་དགོས།དེ་ཡང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་པར་ཙིར་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་དཔལ་འབྱོར་ཚོང་དོན་དང་།རྨང་གཞིའི་སྒྲིག་བཀོད། དངུལ་རྩ།ཚན་རྩལ།ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་འཇིག་རྟེན་འཕུར་སྐྱོད་དང་།ཞིང་ལས་ཚན་རྩལ།ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།ཀྲུང་གོ་ཕྱོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་པར་ཙིར་ཕྱོགས་ཀྱི་བཀྲེས་ལྟོགས་སེལ་བར་བྱེད་པའི་འཆར་གཞིར་རྒྱབ་སྐྱོར་བྱེད་པ་དང་པར་ཙིར་ཕྱོགས་དང་མཉམ་དུ་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་བྱེད་འདོད་ཡོད།
གསུམ་ནི་འགན་འཁྲི་མཉམ་དུ་ཁུར་ཏེ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་སྲུང་སྐྱོང་བྱ་ཆེད་ཀྲུང་གོ་དང་པར་ཙིར་གྱི་སྟོབས་ཤུགས་མངོན་པར་བྱེད་དགོས།དེ་ཡང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་སྐད་ཆ་དྲང་པོ་ཤོད་པ་དང་བྱ་བ་དྲང་གཞག་ངང་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱི་རྒྱལ་སྤྱིའི་གནས་བབ་དང་ཤུགས་རྐྱེན་ཐེབས་ཤུགས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་པར་ཙིར་གྱིས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།པར་ཙིར་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུགས་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།པར་ཙིར་གྱིས་ཕྱི་ལོ་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ།འབོ་གསེར་མཉམ་ལས་ཆེན་མོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུའི་ཐད་འབོ་གསེར་གྱི་གསུང་སྒྲ་དེ་བས་བསྒྲགས་འདོན་འདོད་ཡོད།
བཞི་ནི་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ཀྲུང་གོ་དང་པར་ཙིར་གྱི་ལེགས་སྐྱེས་འབུལ་དགོས། དེ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་སྣེ་ཁྲིད་དེ་མཉམ་གྲོས་མཉམ་མོལ་བྱེད་པ་དང་གོ་ཧྲིལ་པོའི་མཉམ་རོགས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་དགོས་པར་མ་ཟད།ལྗང་མདོག་ཕྱོགས་སྒྱུར་དང་། རྒྱུན་མཐུད་འཕེལ་རྒྱས།གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། མིས་བཟོས་རིག་ནུས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོཊ་ཀྱི་ཚོཊ་ཆེན་ཐེངས་སུམ་ཅུ་པ་ཡག་པོ་འཚོག་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་པ་བཅས་རེད།
ཞི་ཅིན་ཕིང་གིས་ལོ་བཅུའི་གོང་ངས་པར་ཙིར་ལི་ཡར་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་འཛུགས་རྒྱུའི་ཁྱབ་བསྒྲཊ་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་།གཉིས་ཕན།གསར་གཏོད། སྒོ་དབྱེ། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོཊ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེཊ་མུ་མཐུད་ཡག་པོ་གཉེར་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ཁུལ་གྱི་འཕེལ་རྒྱས་ཀྱི་ལེཊ་ཆ་དང་དགོས་མཁོ་དང་སྦྲེལ་མཐུད་སྔར་བས་ཡག་པོ་བྱས་ཏེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོཊ་པ་གཏོད་རྒྱུར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
ལུའུ་ལ་ཡིས་པར་ཙིར་དང་ཀྲུང་གོ་ནི་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་ཞིག་དང་།ཀྲུང་གོ་ནི་པར་ཙིར་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་གལ་ཆེ་ཤོས།ཀྲུང་གོ་མི་དམངས་ནི་པར་ཙིར་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གྲོགས་པོ་ཞིག་བཅས་ཡིན།འདི་ལོ་ནི་པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་ཡིན་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་དུས་ཚོད་དེའི་ཐོག་སླར་ཡང་པར་ཙིར་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན།ད་གིན་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག་ངས་པར་ཙིར་གྱི་སྒྱུ་རྩལ་མཁས་ཅན་གྱིས་སྐད་གྲགས་ལྡན་པའི་རྒྱ་གཞས《ངའི་མེས་རྒྱལ》ཞེས་པ་གཏོང་རྒྱུ་ཆེད་མངགས་བཀོད་སྒྲིག་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ན་ནིང་ང་ཀྲུང་གོར་འཚམས་འདྲི་ཞུ་སྐབས་སྤྲོ་སེམས་ཆེན་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་པར་ཙིར་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱ་རྒྱུ་ཡིན།འདས་ཟིན་པའི་ལོ་ངོ་50ཡི་རིང་པར་ཙིར་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།པར་ཙིར་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་གནང་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་གོ་ལའི་པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།པར་ཙིར་གྱིས་མགྱོགས་མྱུར་འཕར་བའི་འཆར་གཞི་དང་།བཟོ་ལས་གསར་པའི་འཆར་གཞི།ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་གྱི་ལམ་ཕྱོགས་འཆར་གཞི་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བཞིན་ཡོད།དེ་དག་ཀྲུང་གོ་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ཚད་མཐོའི་གཅིག་མཐུན་བྱུང་ནས་ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཚེ་པར་ཙིར་གྱི་སླར་ཡང་བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་དང་།ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ།འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་གཏོད་ཐུབ། ཕྱོགས་གཉིས་པོའི་ལས་དོན་ཚོགས་ཆུང་གིས་རྨང་གཞིའི་སྒྲིག་བཀོད་དང་། དངུལ་རྩ། ཐོན་ལས་སྦྲེལ་ཐག ཚན་རྩལ།འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་དང་སྐུལ་འདེད་མགྱོགས་མྱུར་བཏང་ནས། ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་དུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་ཕན་ཚུན་སྦྲེལ་མཐུད་དང་ཟོག་འགྲེམས་ཆུ་ཚད་མཐོ་རུ་བཏང་ནས་པར་ཙིར་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀྲུང་གོ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། པར་ཙིར་ཕྱོགས་ཀྱིས་འཇམ་འཐབ་གསར་པར་ངོ་རྒོལ་བྱེད་པ་དང་།འཛམ་གླིང་སྣེ་མང་ཅན་དང་།འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ལ་བརྟེན་པའི་གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་།འབོ་གསེར་རྒྱལ་ཁབ།རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུཊ་དང་མཉམ་ལས་མུ་མཐུད་དེ་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་འདོད་ཡོད།པར་ཙིར་ཕྱོགས་ཀྱིས་ཀྱང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་མུ་མཐུད་ནས་ཟབ་ཏུ་བཏང་སྟེ་ཡུག་རེན་གྱི་ཉམས་ཉེན་སོགས་གླེང་མང་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེ་པར་ཙིར་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་གྱུར་ནས་པར་ཙིར་དང་ཀྲུང་གོས་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ལེའུ་གསར་པ་ཞིག་འགོ་བརྩམས་ཡོད་ཅེས་གསུངས་པ་རེད།
མཇལ་མོལ་གནང་གྲུབ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལ་ཞིག་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མཉམ་འབྲེལ་གསལ་བསྒྲགས》ལ་ལྷན་དུ་མཚན་རྟགས་བཀོད་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་མགྱོགས་མྱུར་འཕར་རྒྱུའི་འཆར་གཞི་དང་། པར་ཙིར་གྱི་བཟོ་ལས་གསར་པའི་འཆར་གཞི། འབྱུང་ཁམས་ཕྱོགས་སྒྱུར་འཆར་གཞི།ལྷོ་ཨ་མེ་རི་ཁའི་གཞི་གཅིག་ཅན་གྱི་ལམ་ཕྱོགས་འཆར་གཞི་བཅས་དང་སྦྲེལ་མཐུད་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་གཞིར》མཚན་རྟགས་འགོད་པའི་དཔང་པོ་ཐུན་མོང་ཐོག་གནང་བ་རེད།
འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་ད་དུང་དཔལ་འབྱོར་ཚོང་དོན་དང་།མ་འཇོག ཞིང་ལས། གྲངས་འཛིན་དཔལ་འབྱོར། རྒྱུན་མཐུད་འཕེལ་རྒྱས། ཚན་རྩལ། མི་ཐབས་རིག་ནུས།གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་30ལྷག་ཙམ་ལ་མཚན་རྟགས་བཀོད་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས་ཡོད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社