(པར་ངོས་དང་པོར་མཐུད)དེ་བས་དྲང་གཞག་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་རུང་བའི་གོ་ལའི་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་པར་ཙིར་གྱི་གོང་འཕེལ་འཐབ་ཇུས་དང་འབྲེལ་མཐུད་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་བདེན་དཔང་ཡང་བྱས་པ་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་དེ་ནས་བཟུང་འཕེལ་རྒྱས་གསར་པ་མངོན་འགྱུར་བྱུང་བ་དང་། གང་དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། སྐྱེ་སྟོབས་རབ་ཏུ་རྒྱས་པ་དང་མདུན་ལྗོངས་རྒྱ་ཆེན་པོ་མངོན་པར་བྱས་ཡོད། འདས་དོན་ལ་ཕྱིར་དྲན་བྱེད་སྐབས། ང་ཚོས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བར་ཐོབ་པའི་གྲུབ་འབྲས་ལ་སྤོབས་པ་སྐྱེས་པའི་རྒྱུ་མཚན་ཡོད་ལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ང་ཚོར་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི་འོད་སྟོང་ལྡན་པའི་མདུན་ལམ་ལ་རེ་སྒུག་ཆེན་པོ་བྱེད་པའི་སེམས་ཤུགས་ཀྱང་ཡོད། འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་དང་མཉམ་དུ་འབད་བརྩོན་དང་། སྙིང་རུས་གཏན་འཁྱོངས། འབད་འཐབ་ལྷོད་མེད་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་པར་ཙིར་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བའི“གོང་འཕེལ་དུས་བཟང་གི་ལོ་ལྔ་བཅུ”ཕྱི་མ་དེ་གཏོད་འདོད་ཡོད་ཅེས་བསྟན་ཡོད།
ལུའུ་ལ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ང་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་འགོ་ཁྲིད་པ་ཡིན། ང་ཚོ་ཚང་མས་དམངས་ཁྲོད་ཀྱི་དཀའ་སྡུག་གསལ་རྟོགས་ཐུབ་ནས། དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་ཆེད་འབད་བརྩོན་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འགོ་ཁྲིད་གནང་ནས་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་དང་། ལྷག་དོན་དུ་མི་གྲངས་དུང་ཕྱུར་གཅིག་དབུལ་སྒྲོལ་ཐུབ་པར་པར་ཙིར་ཕྱོགས་ནས་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། ཞི་བདེ་ཡོང་བ་ལས་དམག་འཁྲུག་མི་ཐོན་པ་དང་། མཉམ་ལས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ། གསར་གཏོད་བྱེད་པ་ལས་གཏོར་བཤིག་མི་གཏོང་བ་བཅས་དར་སྤེལ་བཏང་ནས། འཛམ་གླིང་ལ་མིག་དཔེ་བཏོད་ཡོད། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་རིང་། པར་ཙིར་དང་ཀྲུང་གོའི་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་བྱུང་བ་དེས་རྒྱལ་ཁབ་གཉིས་པོའི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་ཐེབས་ནས། འཛམ་གླིང་ལ་ང་ཚོས་རང་ཉིད་ཀྱི་འགྲོ་ལམ་བརྒྱུད་གོང་འཕེལ་དར་རྒྱས་དང་དྲང་གཞག་དྲང་བདེན་མངོན་འགྱུར་ཡོང་ཐུབ་པ་ར་སྤྲོད་བྱ་རྒྱུ་རེད། པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཞི་བའི་སྒོ་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་དར་སྤེལ་བཏང་སྟེ། པར་ཙིར་དང་ཀྲུང་གོས་ལག་གདང་སྦྲེལ་བ་དེས་གལ་འགངས་ཆེ་ལ་གཏིང་ཟབ་པའི་འཛམ་གླིང་གི་ཤུགས་རྐྱེན་ཐེབས་རྒྱུ་རེད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ནས། པར་ཙིར་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་བསྟན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社