པར་འདི་ནི་ཟླ་11ཚེས་19ཉིན།ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་དམིགས་འཛུགས་སྨན་རྫས་དང་སྨན་བཅོས་སྒྲིག་གཞི་ཞིག་ཏུ་ཡིད་རྟོན་ཚད་ལྡན་གྱི་སྒུལ་བདེའི་ལྟ་སྐུལ་དོ་དམ་སྟེགས་བུའི་སྒྲིག་ཆས་སྤྱད་དེ་ཁྲིམས་འཛིན་ཞིབ་བཤེར་བྱེད་བཞིན་པའི་རྣམ་པ་ཡིན།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྨན་བཅོས་འགན་བཅོལ་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྨན་བཅོས་འགན་བཅོལ་གྱི་རིག་ནུས་ལྟ་སྐུལ་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད། ཟླ་11ཚེས་19ཉིན་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་ཚད་ལྡན་ཅན་གྱི་སྒུལ་བདེའི་ལྟ་སྐུལ་དོ་དམ་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་གྱི་ཡིད་རྟོན་ཚད་ལྡན་ཅན་གྱི་སྒུལ་བདེའི་ལྟ་སྐུལ་དོ་དམ་ལས་སྟེགས་ནི་ཡིད་རྟོན་རྨང་གཞིར་བྱས་པའི་རྒྱུན་གཏན་གྱི་ཐེབས་རྩའི་ལྟ་སྐུལ་ཞིབ་བཤེར་དང་། ཞིབ་བཤེར་བདག་སྤྲོད། གྱོད་དོན་ཐོ་འགོད་ཞིབ་བཤེར་བཅས་གཞི་གཅིག་ཅན་གྱི་ཁྲིམས་འཛིན་ལས་སྒོའི་དོ་དམ་གྱི་མ་ལག་ཅིག་ཡིན་པ་དེས་མིག་སྔའི་སྨན་བཅོས་འགན་བཅོལ་ཞིབ་བཤེར་ལས་སྒོའི་འཁོར་རྒྱུག་ཁྲོད་གནས་པའི་ཆ་འཕྲིན་རྗེས་ལུས་དང་། དོ་དམ་ཞན་པ། འགན་ནུས་སྣོལ་སྡེབ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། ལས་སྟེགས་ཀྱི་མ་ལག་དེར་སྐད་གདངས་དབྱེ་འབྱེད་དང་། སྒྲ་ཕབ། བརྙན་ཕབ་བཅས་ཀྱི་ནུས་པ་ལྡན་པར་མ་ཟད། གྲངས་གཞི་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་དྲ་བ་བརྒྱུད་བསྐུར་ཐུབ་ནས་དེ་བས་གནད་ལ་འཁེལ་བ་དང་ནུས་ཆེའི་སྒོ་ནས་དམིགས་འཛུགས་སྨན་དང་སྨན་བཅོས་སྒྲིག་གཞིའི་སྒྲིག་འགལ་གྱི་བྱེད་སྤྱོད་ཐོ་འགོད་ཐུབ་པ་དང་། ཁྲིམས་འཛིན་ལས་སྒོའི་ཐག་གཅོད་ཀྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ། རྩིས་བཤེར་ལས་སྒོའི་བརྒྱུད་རིམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པ། དེ་བས་གནད་ལ་འཁེལ་བ་དང་ནུས་ཆེའི་སྒོ་ནས་དམིགས་འཛུགས་སྨན་རྫས་དང་སྨན་བཅོས་སྒྲིག་གཞིའི་སྒྲིག་འགལ་གྱི་བྱེད་སྤྱོད་ཐོ་འགོད་ཐུབ་པ། སྨན་བཅོས་འགན་བཅོལ་གྱི་རྩིས་བཤེར་ལྟ་སྐུལ་དོ་དམ་གྱི་བརྒྱུད་རིམ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་སྨན་བཅོས་འགན་བཅོལ་རྩིས་བཤེར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཨ་ལི་ཡིས་ཕྱིས་འབྱུང་ང་ཚོས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགན་བཅོལ་སྡེ་ཚན་ལ་སྒུལ་བདེའི་ལྟ་སྐུལ་དོ་དམ་ལས་སྟེགས་ཁྱབ་གདལ་གཏོང་རྒྱུ་མ་ཟད། དོན་དངོས་ལས་བྱུང་བའི་བསམ་འཆར་གཞིར་བཟུང་། ལས་སྟེགས་ཀྱི་ནུས་པ་མུ་མཐུད་ལེགས་སུ་གཏོང་བ་དང་མ་ལག་དབར་གྱི་གྲངས་གཞིའི་སྦྲེལ་མཐུད་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་འགན་བཅོལ་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་ཅན་གྱི་དགོས་མཁོ་དང་དེ་བས་འཚམ་པར་བྱས་ཐོག་སྨན་བཅོས་འགན་བཅོལ་གྱི་ལྟ་སྐུལ་དོ་དམ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社