分享按钮

(པར་ངོས་དང་པོར་མཐུད)

བསམ་བློའི་ཐོག་ནས་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་བཅོས་སྒྲིག་ལས་དོན་དེ་མིག་སྔའི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། ལས་ཀའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ཏེ་རིམ་བཞིན་དམ་འཛིན་དང་རིམ་པ་ཚང་མས་དོན་འཁྱོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་ཡང་འབྱུང་རྩ་ནས་བདེ་འཇགས་འགག་སྒོ་ནན་པོར་སྲུང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་དང་དམ་ལྷོད་ཟུང་འབྲེལ་བྱེད་པ་དང་།ཆད་ལུས་མེད་པའི་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཁྲིམས་འགལ་ངང་གློག་སྒུལ་འཁོར་རིགས་བཟོ་བཅོས་རྒྱག་པ་དང་ཚད་གཞི་མ་ལོན་པའི་གློག་སྒུལ་འཁོར་རིགས་བྲིན་ཚོང་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལེཊ་པོ་བྱེད་དགོས།

ཕྱོགས་བསྡུས་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཨང་རྟགས་མེད་པར་ལམ་དུ་སྐྱོད་པ་དང་། གློག་སྐུད་གང་བྱུང་དུ་ཁྲིད་ནས་གློག་གསོག་པ། གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ལ་དམ་པོར་དམིགས་ནས་མཉམ་འབྲེལ་ཁྲིམས་འཛིན་དང་། ཆེད་དོན་ཁྲིམས་འཛིན། མངོན་བཤེར་ལྐོག་འདྲི་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་ཁྲིམས་དང་སྒྲིག་སྲོལ་ལྟར་སྒྲིག་འགལ་དང་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་དགོས།

གཉེར་སྐྱོང་དོ་དམ་ལ་ཤུཊ་སྣོན་རྒྱག་དགོས། དེ་ཡང་ལམ་སྲོལ་གསར་གཏོད་དང་། སྟོབས་ཤུགས་བསྡུ་སྒྲིལ། ཕྱོགས་མང་ཤུཊ་འདོན། གནད་འཁེལ་བཅོས་སྐྱོང་བཅས་བྱས་ཏེ།འཕྲུལ་སྒུལ་མིན་པའི་འཁོར་རིགས་གཉེར་སྐྱོང་དོ་དམ་གྱི་སྐྱོན་ཆ་ནུས་ཤུགས་ཡོད་རྒུས་མེད་པར་བཟོས་ནས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ཀྱི་བརྒྱུད་རིམ་གྱི་འབྲེལ་ཐག་ཧྲིལ་པོར་བཅོས་སྐྱོང་དང་།ཚད་ལྡན་ཅན་དང་ཞིབ་ཕྲ་ཅན་གྱི་དོ་དམ་ལ་སྐུལ་འདེད་གཏོང་དགོས།

དྲིལ་བསྒྲགས་དང་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་བརྙན་འཕྲིན་དང་སྤྱི་སྟེགས་སོགས་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་དྲང་ཕྱོགས་ཀྱི་སློབ་གསོ་དང་ཁ་ཏ་བསླབ་ཆ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།སྒྲིག་འགལ་དང་ཁྲིམས་འགལ་གྱི་འཕྲུལ་སྒུལ་མིན་པའི་འཁོར་རིགས་དམར་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གྲོང་མི་ཚོས་རང་འགུལ་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཡ་རབས་འགྲིམ་འགྲུལ་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།

ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་བྱེད་ཤུཊ་ཆེ་རུ་གཏོང་དགོས། དེ་ཡང་མིང་འདོན་བྱེད་པ་དང་སྐོང་འདྲི་དྲན་སྐུལ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱད་དེ་འགན་འཁྲི་བདའ་འདེད་དང་བཅོས་སྒྲིག་ལས་དོན་གྱི་འཕེལ་རིམ་འགོར་བ་དང་།འགན་ཕར་དཀྲི་ཚུར་དཀྲི་བྱེད་པའི་མི་དང་བྱ་བར་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་ཐབས་བྱེད་པ། ཁ་ཕྱོགས་མི་འཁྱོག་པ་དང་། སྟོབས་ཤུཊ་མི་ཉམས་པ།བྱ་སྤྱོད་དེ་རྣམ་པ་ཙམ་མིན་པ་བཅས་ཀྱི་འགན་ལེན་བྱེད་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191432.html 1 /enpproperty-->