分享按钮

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་འཚོགས་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་18ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པར་ཙིར་ལི་གཡོད་རེ་ནེ་ལུའུ་རུ་འཚོཊ་པའི་རྒྱལ་ཁབ་ཉི་ཤུ་ཚོཊ་པའི་འགོ་ཁྲིད་པའི་དབུ་ཚོཊ་ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུཊ་པ་རེད།

དབུ་ཚོཊ་ཀྱི་དུས་མཚམས་གཉིས་པའི་ཚོགས་འདུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིའི་གྲོས་གཞིར་དམིགས་ནས་གྲོས་བསྡུར་གནང་སྐབས། ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་དགོས》ཞེས་པ་ཁ་བྱང་དུ་བྱས་པའི་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་འཚོགས་ནས་ལོ་16སོང་ཞིང་།འགོ་འཛུགས་ས་གསར་པའི་ཐོག་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྔ་འཛིན་ཕྱི་གཏོད་བྱས་ཏེ་གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུཊ་མུ་མཐུད་ནས་ཆེ་རུ་གཏོང་དགོས།ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་ནས་ཕན་ཚུན་དབར་གྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་དུ་མི་བརྩི་བ་དང་། ཕན་ཚུན་ནས་རོགས་ཟླར་བརྩི་བ་ལས་ཁ་གཏད་དུ་མི་བརྩི་བ།མཉམ་འབྲེལ་རྒྱལ་ཚོཊ་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་བ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 6 6 拉萨日报藏文 c191427.html 1 ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ ཐེངས་བཅུ་དགུ་པར་མུ་མཐུད་ནས་ཞུགས་པ། /enpproperty-->