分享按钮

ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་སྲིད་འཛིན་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ།

(པར་ངོས་དང་པོར་མཐུད)དེ་བས་གྲུབ་འབྲས་ཐོབ་པའི་ཀྲུང་ཨོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ས་ཁུལ་དང་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ཨོ་སི་ཁྲུ་ལི་ཡའི་ཁེ་ལས་250ལྷག་ཙམ་འདི་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་ནི་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཡིད་ཆེས་ཀྱི་སྤ་སེ་འཕངས་པ་ཞིག་རེད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་རྣམ་པ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱས་ནས་ཀྲུང་གོའི་ཁེ་ལས་ཨོ་སི་ཁྲུ་ལི་ཡར་མ་འཇོག་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་།ཁ་གསལ། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཀྲུང་ཨོ་གཉིས་ཀ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་གི་རྒྱབ་སྐྱོར་པ་དང་སྲུང་སྐྱོང་བྱེད་མཁན་ཡིན་པས་ཕྱོགས་གཉིས་པོས་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ།རྒྱལ་ཁབ་ཁག་གིས་སྒོ་དབྱེའི་ཁྲོད་གོ་སྐབས་དང་ཁེ་ཕན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས།

ཨར་པ་ཉི་སིས་ཨོ་ཀྲུང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་མཇལ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ན་ནིང་ཀྲུང་གོར་འཚམས་འདྲི་བྱས་ཚུན།ཨོ་ཀྲུང་འབྲེལ་བའི་ཐད་ཚོང་དོན་ཚུད་པའི་ཁྱབ་ཁོངས་ཁག་ལ་མི་རྣམས་ལ་སྐུལ་ལྕག་ཐེབས་པའི་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་འབྲེལ་ཐག་གཅོད་རྒྱུར་ངོ་རྒོལ་བྱེད་པ་དང་། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་དང་ནུས་རྒྱུ་ཕྱོགས་སྒྱུར་དང་གནམ་གཤིས་འགྱུར་ལྡོག་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་ཡུན་རིང་བརྟན་ལྷིང་དང་འཕར་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུགས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 6 6 拉萨日报藏文 c191376.html 1 ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་སྲིད་འཛིན་ཨར་པ་ཉི་སི་དང་མཇལ་འཛོམས་གནང་བ། /enpproperty-->