ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། གསར་འགོད་པར་སྙེ་མོ་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་ཤེས་རྟོགས་བྱུང་བར། སྙེ་མོ་རྫོང་མི་དམངས་སྤྱི་གླིང་གི་ལས་གྲྭ་སྤྱིའི་བརྒྱ་ཆ་80ལེགས་གྲུབ་ཟིན་པ་དང་འཆར་གཞི་ལྟར་ན་ལོ་འདིའི་ནང་ཨར་ལས་བཟོ་སྐྲུན་ཚང་མ་ལེགས་འགྲུབ་ཐུབ་རྒྱུ་རེད།
སྙེ་མོ་རྫོང་མི་དམངས་སྤྱི་གླིང་ནི་སྙེ་མོ་རྫོང་གྲོང་གི་ཤར་ལྷོའི་རྒྱུད(རྫོང་སྤྱི་ཚོགས་ཕན་བདེ་ཁང་གི་ལྷོ་རྒྱུད)དུ་གནས་ཤིང་། འཛུགས་སྐྲུན་གྱི་ནང་དོན་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཐང་ཆེན་དང་། དམངས་སྲོལ་རིག་གནས་ཐང་ཆེན། བྱིས་པའི་རོལ་རྩེད་ཐང་ཆེན། སྤྲོ་གསེང་ཐང་ཆེན།བདེ་ཐང་རྐང་ཐང་ལམ་སོགས་ཚུད་ཡོད།ཉེ་ཆར་གསར་འགོད་པས་ཡུལ་དངོས་སུ་ལས་བཟོ་པར་དུས་ཚོད་དམ་འཛིན་གྱིས་སྒྲིག་ཆས་ཁང་པ་རྒྱག་བཞིན་ཡོད་པ་མཐོང་བྱུང་།
རྣམ་གྲངས་དེའི་སྤྱི་གཉེར་ལི་གོ་ཅིན་གྱིས།རྣམ་གྲངས་དེའི་ལས་གྲྭ་སྤྱིའི་བརྒྱ་ཆ་80ལེགས་གྲུབ་ཟིན་ནས་མཇུག་བསྡུའི་དུས་མཚམས་སུ་སླེབས་ཡོད།ད་ཆ་ཨར་ལས་བྱེད་སྐབས་གཙོ་བོ་དྲོད་ཚད་དམའ་བའི་ཤུགས་རྐྱེན་ཕོག་གི་ཡོད། འོན་ཀྱང་ང་ཚོས་དྲོད་སྲུང་ཀམ་པ་ལི་གཡོགས་པ་དང་བཟོ་པའི་ལས་སྒྲུབ་དུས་ཚོད་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་ཁྱད་བསད་བྱེད་ཀྱི་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་4600བཏང་བ་དང་མ་དངུལ་གྱི་ཡོང་ཁུངས་ནི་པེ་ཅིང་གི་བོད་སྐྱོར་མ་དངུལ་ཡིན་ཞིང་།འདི་ལོའི་ཟླ་6ཚེས་25ཉིན་ལས་འགོ་ཚུགས་པ་དང་འཆར་གཞི་བྱས་ན་ལོ་འདིའི་ནང་ཨར་ལས་བཟོ་སྐྲུན་ཚང་མ་ལེགས་འགྲུབ་ཐུབ་རྒྱུ་རེད།རྣམ་གྲངས་དེ་བསྐྲུན་རྗེས་གྲོང་མིའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་དུ་གྱུར་ནས་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་ཤུགས་ཆེན་འགྲོ་རྒྱུ་རེད།
སྙེ་མོ་རྫོང་བ་སྒོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དབང་རྒྱལ་གྱིས།རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོའི་བ་སྒོར་གྲོང་ཚོའི་ཟུར་དུ་སྤྱི་གླིང་ཆེན་པོ་དེ་འདྲ་ཞིག་བསྐྲུན་པས་ཧ་ཅང་དགའ་པོ་བྱུང་།སྤྱི་གླིང་སྐྲུན་བཞིན་པའི་སྐབས་སུ་ཨར་ལས་ཕྱོགས་ཀྱིས་ལས་མི་སྤྱོད་པ་དང་འཕྲུལ་ཆས་བོགས་མར་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་གྲོང་མིར་ཡོང་འབབ་མང་དུ་བཏང་བ་དེ་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་དམངས་སེམས་ཀྱི་འདུ་འགོད་ཅིག་རེད་ཅེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社