(པར་ངོས་དང་པོར་མཐུད)འཛམ་གླིང་རིམ་པའི་ལག་རྩལ་གྱི་དཀའ་གནད་མང་པོ་ལས་བསྒྲོལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཚན་རྩལ་པའི་རང་གིས་རང་ལ་ཡིད་ཆེས་བྱེད་ཤུགས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཁྱེད་ཚོས་ཡང་འབད་བསྐྱར་འབད་ཀྱིས་ཚན་རྩལ་གྱི་སྒྲིག་ཆས་གལ་ཆེན་འདི་བེད་སྤྱོད་ཡག་པོ་བྱས་ནས། རྒྱ་མཚོའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་རྒྱ་མཚོའི་མཉམ་ལས་རྒྱ་ཆེར་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
“ཕུགས་འདུན”རྟགས་ཅན་གྱི་ལས་གཉེར་དཔུང་ཁག་ནང་ཞུགས་པའི་བྱེད་སྒོ་དེ་ཟླ་11ཚེས་17ཉིན་ཀོང་ཀྲོའུ་རུ་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཧོ་ལི་ཧྥུང་བྱེད་སྒོར་ཞུགས་པ་དང་། ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་ཞིང་། “ཕུགས་འདུན”རྟགས་ཅན་དངོས་སུ་ལས་གཉེར་དཔུང་ཁག་ནང་ཞུགས་པ་ཁྱབ་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཡང་གནང་ཡོད། ཁོང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱིས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པར་རང་རྒྱལ་གྱི་མཚོ་གཏིང་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དེ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “ཕུགས་འདུན”རྟགས་ཅན་གྱི་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་མགྱོགས་སུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཐོག “ཕུགས་འདུན”རྟགས་ཅན་གྱི་བཟོ་སྐྲུན་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་བཟང་ཆ་འདོན་སྤེལ་བྱེད་པ། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། མཚོ་གཏིང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། “ཕུགས་འདུན”རྟགས་ཅན་གྱི་རྒྱ་མཚོ་ཆེན་པོའི་གསོར་འབིགས་རྩད་ཞིབ་གྲུ་གཟིངས་ལ་ཁྱོན་ཏུན་33000ཙམ་ཡོད་པ་དང་། ཆུ་འབུད་ཚད་ཏུན་42600ཟིན་པ། བསྟུད་མར་བསྐྱོད་ཐུབ་ཚད་མཚོ་ལེ་15000ཟིན་ཞིང་། ཟབ་ཤོས་ལ་སྨི་11000གསོར་འབིགས་ཐུབ་ཀྱི་ཡོད་པས། གོ་ལ་ཧྲིལ་པོའི་མཚོ་ཁོངས་ཀྱི་མཚོ་འགྲུལ་ཚད་མེད་ཁུལ་དུ་ལས་སྒྲུབ་བྱེད་པའི་ནུས་པ་ལྡན་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社