ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་དགོང་མོར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕེ་རུའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་གཉིས་ལི་མའི་སྲིད་འཛིན་ལས་ཤག་ཏུ་བརྙན་ལམ་བརྒྱུད་ནས་ཆན་ཁའེ་གྲུ་ཁ་སྒོ་འབྱེད་པའི་མཛད་སྒོར་ཞུགས་པ་རེད།
ཞི་ཅིན་ཕིང་དང་པོ་ལུའུ་ཨའར་ཐེས་རྒྱལ་ཁབ་གཉིས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཚན་པའི་འགན་འཁུར་བས་གནས་ཚུལ་སྙན་སེང་ཞུས་པར་གསན་རྗེས།ཆན་ཁའེ་གྲུ་ཁའི་རྣམ་གྲངས་ཀྱི་བརྙན་ལམ་ལ་ཐུན་མོང་ཐོག་གཟིགས་པ་རེད། རྣམ་གྲངས་སྤེལ་ཡུལ་དུ་ཀྲུང་གོ་དང་ཕེ་རུ་ཕྱོགས་གཉིས་པོའི་འཐུས་མིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་ལ་གྲུ་ཁ་སྒོ་འབྱེད་པའི་ལས་དོན་སྤེལ་རྒྱུའི་དགོངས་སྐོར་ཞུས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་བཀའ་བཀོད་གནང་ནས་གྲུ་ཁ་སྒོ་འབྱེད་པའི་ཁྱབ་བསྒྲགས་གནང་བ་རེད།
དེ་མ་ཐག་ཆན་ཁའེ་གྲུ་ཁར་ཀྲུང་ཡོན་གྱི“ཕེ་རུའི་གྲུ་གཟིངས”དང“ཧྲང་ཧའེ་ཡི་གྲུ་གཟིངས་གསར་པའི”འདོན་འཇུག་ལས་ཀ་བྱེད་འགོ་ཚུགས་པ་དང་། “འཕུར་མཆོང་གྲུ་གཟིངས”རྒྱང་བསྐྱོད་བྱེད་པ་དང་མི་མེད་དོས་སྒམ་ལྗིད་ཐེག་རླངས་འཁོར་བྲེལ་འཚུབ་ངང་ཕར་འགྲོ་ཚུར་འོང་བྱེད་འགོ་ཚུགས་ཡོད།
དེ་དང་བསྟུན་ནས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
དེ་ནས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཤིས་ཚིག་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཆན་ཁའེ་གྲུ་ཁ་བདེ་བླག་ངང་སྒོ་འབྱེད་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་འབྲེལ་རྒྱལ་ཁབ་གཉིས་པོའི་འཛུགས་སྐྲུན་པས་རིམས་ནད་ཀྱི་དཀའ་ངལ་ཁྱད་བསད་དང་། ཕྱར་བ་གྲུ་འདེགས། སྤུས་འབོར་གཉིས་ལྡན་བཅས་ཀྱི་སྒོ་ནས་ལས་འགན་ཁག་ལེགས་འགྲུབ་བྱས་པར་གུས་འདུད་ཀྱང་ཞུས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། དུས་ཐུང་ལོ་འགའི་ནང་དེང་རབས་ཅན་གྱི་གྲུ་ཁ་ཞིག་བསྐྲུན་པས། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་རེད། ཆན་ཁའེ་གྲུ་ཁ་དེ་ཆུ་གཏིང་ཟབ་པའི་གྲུ་ཁ་བཟང་པོ་ཞིག་ཡིན་པར་མ་ཟད། མེ་གླིང་ལྷོ་མའི་རིག་ལྡན་གྲུ་ཁ་དང་ལྗང་མདོག་གྲུ་ཁ་དང་པོ་དེའང་ཡིན།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社