分享按钮

ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་ ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ཟླ་11ཚེས་15ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་འབྲེལ་ཁུང་ཙི་སློབ་གླིང་བཙུགས་ནས་ལོ་20འཁོར་བར་རྟེན་འབྲེལ་ཡང་ཞུས་པ་རེད།

ཞི་ཅིན་ཕིང་གིས་སྐད་ཡིག་ནི་མིའི་རིགས་ཀྱི་བསམ་བློ་སྤེལ་རེས་བྱེད་པའི་ཡོ་བྱད་དང་།ཤེས་དཔལ་རྒྱུན་འཛིན་བྱེད་པའི་གཞི་རྟེན།བསམ་ཤེས་ཟབ་གཏོང་གི་ཟམ་པ་ལྟ་བུ་བཅས་ཡིན། རྒྱ་ཡིག་ལ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ཤེས་དཔལ་དང་བློ་གྲོས་ཀྱི་ནང་དོན་ལྡན་ཡོད་ཅིང་། ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བའི་སྤྱི་པའི་རིག་གནས་ཐོན་རྫས་གལ་ཆེན་ཞིག་ཡིན་ལ།རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ཡིག་སློབ་གསོ་ཡག་པོ་སྤེལ་རྒྱུར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བར་ཀྲུང་གོ་བ་ནི་ཕ་སྐད་རྒྱལ་ཁབ་ཡིན་པའི་ཆ་ནས་འགན་འཁྲི་ཡོད་ཅེས་མཛུབ་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོར་དགའ་བསུ་ཆེན་པོ་ཐོབ་ནས་སྒོ་དབྱེ་དང་ཁོང་ཡངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་།ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་རིན་ཐང་མངོན་པ།མཉམ་ལས་གཉིས་ཁེའི་སྙིང་སྟོབས་མངོན་པ། ཀྲུང་གོ་དང་ཕྱི་རྒྱལ་བའི་ཐུན་མོང་གི་སེམས་པ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཡོད། འཛམ་གླིང་རྒྱ་ཡིག་ཚོགས་ཆེན་གྱིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ་དང་། མཉམ་འབྲེལ་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ།ཕྱོགས་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ།སྐད་ཡིག་ཕན་ཚུན་འབྲེལ་མཐུད་ཀྱི་ཟམ་པ་དང་།བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཀྱི་ཟམ་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191088.html 1 ཞི་ཅིན་ཕིང་གིས་2024ལོའི་འཛམ་གླིང་རྒྱ་ཡིག་ཚོགས་ཆེན་ ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། /enpproperty-->