分享按钮

གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་དབར་བཞུགས་མོལ་གནང་བ།

(པར་ངོས་དང་པོར་མཐུད)ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་ནན་པོ་བྱས་ཏེ་གྲངས་འཛིན་གྱིས་གྲོང་ཁྱེར་དར་རྒྱས་གཏོང་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།གྲངས་འཛིན་ལྷ་ས་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ནས་གྲངས་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་འདོན་རྒྱུར་བརྩིས་ཏེ།ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་གཞིའི་བགྲོད་ལམ་ཆེན་མོ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

འབྲེལ་ཡོད་སྡེ་ཚན་གྱིས་རྩེ་རིམ་ཇུས་འགོད་ཡག་པོ་བྱས་ཏེ་གྲངས་འཛིན་འཕེལ་རྒྱས་དེ་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ནང་འཇུག་པ་དང་། གྲངས་འཛིན་རྣམ་གྲངས་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ། གྲངས་འཛིན་རྒྱུ་རྐྱེན་ཁྲོམ་ར་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲངས་འཛིན་དཔལ་འབྱོར་འདི་ཉིད་ལྷ་སའི་འབྱུང་འགྱུར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་ཧུར་ཐག་གཏོད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

ཝང་ཆང་གིས་ཆ་འཕྲིན་འཕྲིན་གཏོང་ལས་རིགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཐབ་ཇུས་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། སྣེ་ཁྲིད་ཀྱི་རང་བཞིན་བཅས་ཀྱི་ལས་རིགས་ཤིག་ཡིན་ཞིང་། དེ་ནི་གྲངས་འཛིན་ཐོན་ལས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་དང་ཆབས་ཅིག་ཆ་འཕྲིན་འཕྲིན་གཏོང་ལས་རིགས་དེ་གྲངས་འཛིན་དཔལ་འབྱོར་གྱི་ཐོན་སྐྱེད་ནུས་ཤུགས་མཁོ་འདོན་བྱེད་མཁན་ཞིག་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཡིན་པས།ལྷ་སས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཐོག་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་དང་། གྲངས་འཛིན་ཐོན་ལས་ཀྱི་དམིགས་ས། ཐོན་ལས་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར། རྣམ་པ་གསར་པའི་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་སོགས་ཁྱབ་ཁོངས་ནང་ཕྱོགས་ཡོངས་དང་གཏིང་ཟབ་པའི་མཉམ་ལས་བྱས་ཏེ་རང་གྲོང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ཤུགས་ཆེན་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

ཀྲོའུ་ཆིང་ཅིའུ་ཡིས་ཆ་འཕྲིན་ལག་རྩལ་དང་དྲ་རྒྱའི་འཕྲིན་གཏོང་སོགས་ཐད་ཀྱི་གློག་འཕྲིན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མ་དངུལ་གཏོང་ཤུགས་དང་། ལག་རྩལ་གྱི་རྒྱབ་སྐྱོར་བྱ་ཤུགས། ཞབས་ཞུའི་འགན་ལེན་བྱ་ཤུགས་བཅས་ཆེ་རུ་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱི་ཐོན་ལས་ཐུན་མོང་ཐོག་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་ལུའུ་ཝུན་ཀྲུང་བཞུགས་མོལ་ནང་ཞུགས་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-16 6 6 拉萨日报藏文 c191078.html 1 གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིའི་དབར་བཞུགས་མོལ་གནང་བ། /enpproperty-->