(པར་ངོས་གཉིས་པར་མཐུད)ལྗོངས་ཡོངས་ཀྱི་ཁྲེང་ཏུའུ་ནས་ཡིན་པའི་ཕྱོགས་མིའི་ཏང་ཡོན་1023གྱི་ཐག་རིང་གི་ཁྱིམ་གཞིས་ཡིན་པའི་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་འཐུས་སྒོ་ཚང་བའི་རྩ་འཛུགས་མ་ལག་རྨང་གཞིར་བྱེད་པ་དང་། འཐུས་སྒོ་ཚང་བའི་དོ་དམ་བྱེད་སྟངས་དེ་དམ་འཛིན་བྱ་གཞིར་བྱས་ཏེ། ཕྱོགས་མིའི་ཏང་ཡོན་གྱི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རྒྱ་ཆེའི་ཕྱོགས་མིའི་ཏང་ཡོན་དང་བོད་ལྗོངས་སུ་ལས་ཀ་བྱེད་པར་ཡོང་མཁན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་དང་ཁྲིད་སྟོན་བྱས་ནས། ཕྱོགས་གཉིས་པོས་ནུས་ཤུགས་བཏོན་ཏེ་ཆ་སྒྲིག་མཉམ་སྐྲུན་སྡེ་ཁུལ་དང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དཀའ་གནད་སེལ་བ་དང་བྱ་བ་དངོས་བསྒྲུབས་ཡོད། ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཆུང་ལའེ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་ལྷ་ས་ཏང་ཀྲི་པུའི་ཧྲུའུ་ཅི་ཐན་ཅན་ཅུན་གྱིས་གསར་འགོད་པར། རྗེས་མར་ཁྲེང་ཏུའུ་གྲོང་ཁྱེར་ཕྱོགས་མིའི་ཏང་ཡོན་བོད་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དམ་པ་དོན་གཉེར་གྱིས་ཚན་པའི་ཁྱད་ཆོས་ལ་གཞི་ཚུགས་པ་དང་ཕྱོགས་མིའི་ཏང་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་ཏན་ཏིག་བྱ་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ནུས་ཤུགས་ཡོད་རྒུས་ལྷ་སའི་ངོས་འཛིན་བྱེད་ཚད་དང་ལྟེ་བའི་གྲོང་ཁྱེར་གྱི་ཤུགས་རྐྱེན་ནུས་པ་ལྡན་པའི་གཞི་རིམ་གྱི་བཅོས་སྐྱོང་གི་སྤུས་རྟགས་ཀྱང་གཏོད་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社