ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དངུལ་རྩའི་ལས་རིགས་སྡེ་ཚན་དང་ས་གནས་ཁེ་ལས་དབར་གྱི་འབྲེལ་གཏུགས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཚེས་11ཉིན་གྲོང་ཨུད་ནོར་དཔལ་ལས་དོན་ཨུ་ལྷན་གཞུང་ལས་ཁང(གཤམ་དུ་གྲོང་ཨུད་ནོར་དོན་གཞུང་ལས་ཁང་ཞེས་བསྡུ་རྒྱུ)གིས་དངུལ་རྩའི་ཤེས་བྱའི་འཆད་ཁྲིད་ཆེན་མོའི་བྱེད་སྒོ་སྤེལ་ཞིང་། རྫོང(ཆུས)ཁག་དང་། ནུས་པའི་གླིང་ཁུལ། གྲོང་ཁྱེར་བཅས་ཀྱི་ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་ལས་དོན་གྱི་ཆེད་དོན་ཚོགས་པའི་ཁོངས་མིའི་ཚན་པ་ཁག་གི་ཁྱོན་མི་80ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཡུལ་དངོས་སུ་གཅིག་སྡུད་སློབ་ཁྲིད་བྱེད་པའི་རྣམ་པའི་ཐོག་ནས་སྤེལ་བ་དང་། ལྗོངས་ཨུད་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་གཞོན་པ་མཐུ་སྟོབས་དབང་ཕྱུག་དང་།ཞིང་ལས་དངུལ་ཁང་ལྷ་སའི་ཡན་ལག་དངུལ་ཁང་ཀུང་སི་པུའི་སྤྱི་ཁྱབ་སྤྱི་གཉེར་བསོད་ནམས་འབྲུག་གྲགས་གཉིས་གདན་དྲངས་ནས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ཚོགས་འདུ།དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་བཅས་གསལ་འགྲེལ་བྱས་པར་མ་ཟད།དངུལ་རྩའི་རྨང་གཞི་དང་དངུལ་ཁང་གི་ཡིད་རྟོན་དངུལ་བུན་བཅས་ལའང་དམིགས་ནས་འཆད་ཁྲིད་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་རྒྱ་ཆེའི་གསོ་སྦྱོང་ནང་ཞུགས་མཁན་ཚོའི་གདེང་འཇོག་ཡག་པོ་ཐོབ་ཅིང་། ཚང་མས་མིག་སྔའི་ལོ་རྒྱུས་ཀྱི་གོ་སྐབས་འོག་དངུལ་རྩས་དངོས་ཚན་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་དངུལ་རྩའི་ཤེས་བྱ་ཐོབ་པར་མ་ཟད། ལྟ་བ་གསར་བརྗེས་དང་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག་དངུལ་རྩའི་ལས་དོན་གྱི་འདུ་ཤེས་དང་ནུས་པ་ཆེ་རུ་ཕྱིན་ནས་འབྱུང་འགྱུར་དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社