ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྡོ་སེང་གེ་ལམ་ནི་རང་གྲོང་གི་གྲོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་ཀྱི་ལྟེ་བའི་ལམ་དུམ་བུའི་གྲས་ཤིག་ཡིན་པའི་ངོས་ནས་དུས་ཡུན་ཉིན་20ལྷག་ཙམ་རིང་ཛ་དྲག་ངང་ཨར་ལས་བྱས་པ་དང་ལམ་ངོས་ཀྱི་རྨང་རིམ་ཁོད་སྙོམས་དང་སྣུམ་ནག་འདིང་བ་སོགས་ཨར་ལས་ཞིབ་ཚགས་རབ་དང་རིམ་པ་བྱས་པ་བརྒྱུད་ལམ་དུམ་དེར་ཕྱོགས་གཉིས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་སྔོན་དཔག་བྱས་ན་ཚེས་15ཉིན་ལམ་ངོས་ཀྱི་ལས་ཀ་ཚང་མ་ལས་མཇུག་འགྲིལ་རྒྱུ་དང་། མིག་སྔར། ཨར་ལས་བྱ་ཡུལ་གྱི་ར་སྐོར་བཤིག་བཞིན་ཡོད། དེ་རྗེས་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་འོག་ཨར་སྐྲུན་བྱེད་མཁན་ཕྱོགས་ཀྱིས་ལམ་ངོས་ཀྱི་མཚོན་རྟགས་ལམ་ཐིག་ཕྱེ་ནས་སྐབས་དེ་དུས་ལམ་ངོས་གསར་རྐྱང་ཞིག་རྒྱ་ཆེའི་གྲོང་མི་ཚོའི་མིག་ལམ་དུ་འཆར་རྒྱུ་རེད།
སྒྱུར་བཀོད་བྱེད་རིང་། ཨར་སྐྲུན་ཚན་པས་འཆར་གཞི་ལྟར་ཇུས་འགོད་ནན་པོ་བྱས་ཏེ། རྡོ་སེང་གེ་ལམ་གྱི་སྔར་ཡོད་ལམ་ངོས་ལ་བསྐྱར་དུ་སྣུམ་ནག་བཏིང་བ་དང་། ད་ཐེངས་ཀྱི་ལམ་ངོས་སྒྱུར་བཀོད་ཀྱི་རིང་ཚད་ལ་སྤྱི་ལེ་1.2ཙམ་ཟིན་པ་དང་སྣུམ་ནག་མཉམ་བསྲེས་རྒྱུ་ཆ་ཏུན་3730ཙམ་བེད་སྤྱོད་བྱས་ཡོད། ལས་ཀའི་ནང་དོན་ཁྲོད་འགྲོ་ལམ་གྱི་ཆུ་འབུད་མ་ལག་ལེགས་སུ་ཏན་ཏིག་གཏོང་རྒྱུ་དང་། དེ་སྔའི་ཨར་འདམ་ངོས་བཤིགས་ནས་སྣུམ་ལག་ལམ་ངོས་རྒྱ་ཁྱོན་སྨི་ངོས་གྲུ་15320བཏིང་པ། དེ་སྔའི་ཨར་འདམ་ལམ་ངོས་ལ་གཏོར་སྐྱོན་ཚབས་ཆེ་བའི་ས་བརྐོས་ནས་ཨར་འདམ་བསྐྱར་དུ་བརྒྱབ་རྗེས་སྣུམ་ནག་སྨི་ངོས་གྲུ་650ཙམ་བཏིང་ཡོད་པ་རེད།
ཡུལ་དངོས་ཀྱི་ཨར་སྐྲུན་གྱི་འགན་ཁུར་བ་ཀྲང་ཅན་གྱིས་རྡོ་སེང་གེ་ལམ་གྱི་ལྷོ་ངོས་ཅང་སུའུ་ལམ་གྱི་ལམ་མདོ་ནས་བྱང་ངོས་གླིང་སྐོར་བྱང་ལམ་གྱི་ལམ་མདོ་བར་ཡིན་ཞིང་། མིག་སྔར། ཁ་ཕྱོགས་གཉིས་སུ་འཁོར་རིགས་ཤར་གཏོང་ཐུབ་ཀྱི་ཡོད། སྔོན་དཔག་བྱས་ན་ཚེས་15ཉིན་བཟོ་པ་ཚང་མ་ཨར་ལས་བྱ་ཡུལ་ནས་ཕྱིར་འཐེན་བྱ་རྒྱུ་རེད་ཅེས་བཤད། ད་ཐེངས་ཀྱི་རྡོ་སེང་གེ་ལམ་སྒྱུར་བཀོད་ལས་གྲྭ་དེས་གྲོང་ཁུལ་གྱི་ལམ་ངོས་ཀྱི་རྣམ་པ་ལེགས་སུ་ཕྱིན་པར་མ་ཟད། རྒྱ་ཆེའི་གྲོང་མི་མང་ཚོགས་རྣམས་ལ་བདེ་འཇགས་དང་། ཤར་བགྲོད། སྐྱིད་སྣང་དོད་པ་བཅས་ཀྱི་འགྲོ་སྐྱོད་ཀྱི་ཁོར་ཡུག་མཁོ་འདོན་བྱས་པས་རྒྱ་ཆེའི་གྲོང་མི་ཚོའི་བསྔགས་བརྗོད་དང་གདེང་འཇོག་བཟང་པོ་ཐོབ་ཡོད།
གྲོང་མི་པད་མ་ནོར་བུས་ལམ་འདིར་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁ་ལོ་བ་དང་གཞོགས་གཉིས་ཀྱི་ཚོང་དུད་ལ་སྟབས་བདེ་བསྐྲུན་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)པར་འདི་ནི་ཁ་ཕྱོགས་གཉིས་སུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་རྡོ་སེང་གེ་ལམ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社