分享按钮

2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱི་སྔོན་འགྲོའི་ ཇུས་འགོད་ལས་དོན་སྤེལ་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ཀྱི་ལོ་གསར་ནི་བོད་རིགས་མི་དམངས་ཀྱི་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ལ། ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིག་གནས་ཀྱི་རྨང་གཞི་དང་མི་རིགས་ཀྱི་བརྩེ་སེམས་འདུས་ཡོད། བོད་ཀྱི་ལོ་གསར་ཉིན་རེ་བཞིན་ཐག་ཇེ་ཉེར་འགྲོ་བ་དང་བསྟུན་ནས་ཚང་མས་རེ་སྒུག་བྱེད་པའི་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱི་སྔོན་འགྲོའི་ཇུས་འགོད་ལས་དོན་སྤེལ་འགོ་ཚུགས་པ་རེད།

ཉེ་ཆར། གསར་འགོད་པ་2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་འཁྲབ་སྟོན་ཚོགས་ཆུང་དུ་སྐྱོད་སྐབས། ལས་དོན་མི་སྣ་མཉམ་དུ་བསྡད་ནས་དུས་འགོའི་ཇུས་འགོད་ལ་གྲོས་བསྡུར་འཁྲུག་པོ་བྱེད་བཞིན་ཡོད་ཅིང་། བསམ་ཚུལ་ཚང་མ་སྒོ་དབྱེ་དང་ཁོང་ཡངས་ཀྱི་ལྷ་སའི་ཕྱོགས་སུ་གཅིག་སྡུད་དང་མཉམ་འདྲེས་བྱེད་པ་དང་། གངས་ལྗོངས་ཀྱི་གནའ་གྲོང་གནས་མཆོག་ལྷ་སའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་རྒྱུར་གཞོལ་བཞིན་ཡོད། 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་ལག་བསྟར་སྤྱི་ཁྱབ་འཁྲབ་ཁྲིད་པ་རིག་འཛིན་གྱིས་སང་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་ཐོག་ང་ཚོས་སྲོལ་རྒྱུན་དང་གསར་གཏོད་གལ་ཆེ་མཉམ་འཛིན་བྱས་ནས། སྣ་མང་ཅན་གྱི་སྒྱུ་རྩལ་གྱི་མཚོན་སྟངས་སྔོག་འདོན་བྱས་ཐོག་ལྷ་ས་དང་ཐ་ན་ལྗོངས་ཡོངས་ཀྱི་གཟིགས་མོ་བར་ནང་དོན་ཕུན་སུམ་ཚོགས་པའི་བརྙན་འཕྲིན་མཉམ་སྤྲོའི་མཚན་ཚོགས་ཤིག་སྤྱན་ལམ་དུ་འབུལ་རྒྱུ་ཡིན། མིག་སྔའི་བར། ཇུས་གཞི་ཧྲིལ་པོ་རགས་ཙམ་ཆགས་ནས་རྗེས་མར་སྔར་བས་བཟོ་བཅོས་རྒྱག་པ་དང་། ཞིབ་ཚགས་སུ་གཏོང་བ། འཐུས་ཚང་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤེས་རྟོཊ་བྱུང་བར་གཞིགས་ན། 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་གསར་རྩོམ་ཚོགས་པ་ཚང་མ་མི་གསར་པ་ཡིན་པ་དང་། དེ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ལ་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་ཁུར་བའི་ཚོགས་པ་ཞིག་རེད། གསར་རྩོམ་གྱི་སྟོབས་ཤུགས་གསར་པ་ཞིག་ཡིན་པའི་ངོས་ནས་ཁོང་ཚོས་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་དེ་གཟིགས་མོ་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཤེས་རྟོགས་ཐུབ་ཡོད། 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་དེ་ཟླ་12པའི་ཟླ་དཀྱིལ་དུ་དངོས་སུ་ནང་སྦྱོང་བྱ་རྒྱུ་ཡིན་པ་དང་། གྲ་སྒྲིག་བྱེད་རིང་ཁོང་ཚོས་འགྲན་སློང་མང་པོ་ལས་རྣམ་པར་རྒྱལ་ཏེ། བོད་ཀྱི་ལོ་གསར་གྱི་སྲོལ་རྒྱུན་ཁྱད་ཆོས་རྒྱུན་འཛིན་དང་བཀྲག་མདངས་འཚེར་ས་གསར་པ་གཏོད་པའི་དབར་ཧ་ཅང་ལེགས་པའི་མཐུན་ཆ་ཞིག་བཙལ་ནས་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་དང་འོད་སྟོང་གསར་པ་མུ་མཐུད་གཏོད་ཐུབ་ངེས་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190991.html 1 2025ལོའི་ལྷ་སའི་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ཀྱི་སྔོན་འགྲོའི་ ཇུས་འགོད་ལས་དོན་སྤེལ་འགོ་ཚུགས་པ། /enpproperty-->