分享按钮

བར་སྐོར་སྡེ་ཁུལ་གྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་གྱི་རོལ་དབྱངས་དཀྲོལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བར་སྐོར་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཏང་ཡོན་མང་ཚོགས་སྒྲིག་འཛུགས་བྱས་ཏེ།མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་མཉམ་དུ་ལེན།ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནམ་ཡང་རྒྱུན་འཛིན་བྱེད་ཅེས་པའི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གཙོ་དོན་དུ་བྱས་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཉིན་དེའི་སྔ་དྲོ།བར་སྐོར་སྡེ་ཁུལ་གྲོང་ལྷན་གྱི་སྒོ་རའི་ནང་དགའ་དགའ་སྤྲོ་སྤྲོའི་ངང་གྲོང་མི་མང་ཚོགས་ཀྱི་འཐུས་མི་མཉམ་འཛོམས་བྱས་ནས་ཁྱིམ་མཚེས་དབར་གྱི་མཛའ་གྲོགས་དང་མི་རིགས་མཐུན་སྒྲིལ་སྐོར་གླེང་བ་རེད།བྱེད་སྒོའི་ཁྲོད་སྡེ་ཁུལ་རིག་རྩལ་རུ་ཁག་དང་།སྡེ་ཁུལ་བདེ་སྲུང་རུ་ཁག སྡེ་ཁུལ་གྱི་དྲ་མིག་ཅན་གྱི་ལས་དོན་པ་སོགས་གཅིག་རྗེས་གཉིས་མཐུད་ངང་གར་སྟེགས་ཐོག་བསྐྱོད་དེ།མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་ལེན་གར་འཁྲབ་བྱས་ནས་སྡེ་ཁུལ་གྱི་གྲོང་མིའི་ཧུར་བརྩོན་དང་སྐྱོན་བྲལ་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ་རེད།《ང་ཡི་ཀྲུང་ཧྭ་ལ་དགའ》ཞེས་པའི་གླུ་གཞས་དེས་བྱེད་སྒོར་མཐོ་རླབས་འཕྱུར་བ་དང་།མཉམ་གཞས་དང་སྒོར་གཞས་སོགས་སྣ་མང་ཕུན་སུམ་ཚོགས་པའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཞི་མཐུན་གྱི་རྣམ་པ་མངོན་པར་བྱས་པས།ལྟད་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་བསུ་ཐོབ་པ་རེད།

སྡེ་ཁུལ་གྱི་གྲོང་མི་ཞའོ་ཅ་ཡིས་དེ་རིང་གི་ལེ་ཚན་ཧ་ཅང་ལྟད་མོ་ཆེན་པོ་འདུག རིག་རྩལ་མཉམ་འཁྲབ་དེ་རིགས་བྱས་པ་བརྒྱུད་ང་ཚོས་ངོ་མཚར་ཆེ་བའི་སྒྱུ་རྩལ་འཁྲབ་སྟོན་ལ་མྱོང་རོལ་ཐུབ་པར་མ་ཟད།དེ་བས་གལ་ཆེ་བ་ཞིག་ནི་ང་ཚོ་མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ཐད་ལས་སྟེགས་ཧ་ཅང་ཡག་པོ་ཞིག་བཏོད་ནས་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་ང་ཚོས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་དོན་སྙིང་སྔར་བས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱུང་ཡོད་ཅེས་བཤད་པ་རེད།

རིག་རྩལ་མཉམ་འཁྲབ་བྱེད་པ་དང་དུས་མཚུངས་བར་སྐོར་སྡེ་ཁུལ་གྱིས་ད་དུང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཤིང་།སྒྲོག་འགྲེལ་པས་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་སྙིང་པོར་གཏིང་ཟབ་ལ་གོ་སླའི་སྒོ་ནས་གསལ་འགྲེལ་བྱས་པ་རེད།སྒྲོག་འགྲེལ་བྱས་པ་བརྒྱུད་གྲོང་མི་ཚོས་ཏང་གི་སྲིད་ཇུས་གསར་ཤོས་ལ་སྔར་བས་ཁྱོན་ཡོངས་དང་གཏིང་ཟབ་ངང་ཤེས་རྟོགས་བྱུང་བ་དང་།ཚང་མས་སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་སྤྱོད་དངོས་སུ་བསྒྱུར་ནས་སྡེ་ཁུལ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་གིས་སླད་ཕྱིན་གྱི་དུས་ཚོད་ནང་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ།མི་རིགས་ཁག་དབར་གྱི་མཛའ་གྲོགས་དེ་བས་ཟབ་ཏུ་གཏོང་བ་དང་།མཐུན་སྒྲིལ་གྱི་མེ་ཏོག་བར་སྐོར་ཁྲོམ་གཞུང་དུ་དེ་བས་རྣམ་པར་བཀྲ་བ་བཞད་པར་བྱ་རྒྱུ་དང་།དེ་དང་ཆབས་ཅིག་ཚང་མའི་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།སློབ་སྦྱོང་གི་ཕན་འབྲས་དེ་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས་བར་སྐོར་ཁྲོམ་གཞུང་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གང་ཡོད་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190988.html 1 བར་སྐོར་སྡེ་ཁུལ་གྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་གྱི་རོལ་དབྱངས་དཀྲོལ་བ། /enpproperty-->