分享按钮

(པར་ངོས་དང་པོར་མཐུད)ལས་གྲྭའི་ལས་ཡུན་དང་སྤུས་ཚད་གཉིས་ལ་དམ་པོར་དམིགས་ཏེ།དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱིས་ལས་མཇུག་འགྲིལ་རྒྱུའི་འགན་ལེན་བྱེད་པ་དང་།ཚད་གཞི་ནན་པོ་བཟོ་བ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

བོད་ལྗོངས་ཅེ་ཁུན་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེག་གློག་གཏོང་བཟོ་གྲྭར(དུས་ཐེངས་དང་པོ)ཀྲའོ་ཧུའེ་ཉན་གྱིས་ཐོན་སྐྱེད་འཁོར་སྐྱོད་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་དོན་འཁྱོལ་བྱེད་ཚུལ་ལ་གཟིགས་ཞིབ་གནང་སྟེ།འབྲེལ་ཡོད་ཁེ་ལས་ཀྱིས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་གཉེར་སྐྱོང་།ཁེ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ཀྲའོ་ཧུའེ་ཉན་གྱིས་2024ལོའི་འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི་འབྲེལ་ཡོད་ཚན་པའི་གཙོ་གནད་རྣམ་གྲངས་སྐུལ་འདེད་དང་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་།ལྷག་པའི་གནད་དོན་ལ་དམིགས་ནས་དབྱེ་ཞིབ་དང་ཞིབ་འཇུག་གནང་བ།ཕྱིས་འབྱུང་གི་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བ་རེད།ཀྲའོ་ཧུའེ་ཉན་གྱིས་འདི་ལོ་ནས་བཟུང་རང་གྲོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཟོག་རོ་མེད་པའི་གྲོང་ཁྱེར་ཧུར་ཐག་བཏོད་ཅིང་།མིག་སྔའི་བར།ཟོག་རོ་མེད་པའི་གྲོང་ཁྱེར་གྱི་དམིགས་ཚད་ཁག་47གྱི་རྣམ་གྲངས་ཁག་6ལེགས་གྲུབ་བྱུང་བ་དང་།དུས་མཚམས་རང་བཞིན་གྱི་རྣམ་གྲངས་20ལེགས་གྲུབ་བྱུང་བ།རྣམ་གྲངས་21ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།གྲོང་ཁྱེར་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་ཕྱོགས་བསྡུས་སྤྱོད་ཚད་བརྒྱ་ཆ་87.25དང་།སོག་མ་ཕྱོགས་བསྡུས་སྤྱོད་ཚད་བརྒྱ་ཆ་96.86 ཞིང་སྤྱོད་འགྱིག་ཤོག་བསྡུ་ཚད་བརྒྱ་ཆ་93.3 སྨན་བཅོས་ཟོག་རོ་བསྡུ་རུབ་དང་ཐག་གཅོད་མ་ལག་ཁྱབ་ཚད་བརྒྱ་ཆ་100བཅས་ཟིན་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

ཀྲའོ་ཧུའེ་ཉན་གྱིས་རིམ་ཁག་ཚན་ཁག་གིས་ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྨང་གཞི་བརྟན་པོ་འདིང་བ་དང་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་དང་།ལས་ཀའི་གཙོ་གནད་ལ་དམིགས་པ་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་བཏང་ནས་རྨང་གཞིའི་ཞན་ཆ་རྒྱུན་ཆད་མེད་པར་གསབ་པ་དང་བཀྲག་མདངས་འཚེར་སའི་ལས་གྲྭ་ཧུར་ཐག་གཏོད་དགོས་པ།བྱེད་པོའི་འགན་འཁྲི་བརྟན་དུ་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ནན་པོ་བྱེད་པ།གསལ་ཐོའི་རྣམ་པའི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་གཏོང་བ་ལག་བསྟར་བྱེད་པ།ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀོད་ནས་དམག་འཐབ་བཅས་བྱས་ཏེ།འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལོ་འཁོར་གྱི་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས་པ།གྲོང་ཁྱེར་དང་རྫོང་མཉམ་གཏོད་དང་།ཟོག་རོ་མེད་པའི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱེད་པ།བློ་སེམས་གཅིག་མཐུན།ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ།ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་བདེ་བླག་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-14 6 6 拉萨日报藏文 c190987.html 1 /enpproperty-->