(པར་ངོས་དང་པོར་མཐུད)མི་སྣ་ཆེ་གྲས་བདུན་གྱི་འགན་འཁྲི་དོན་འཁྱོལ་བྱས་པ་དང་གོམ་སྟབས་གསུམ་གྱི་རྣམ་པ་བརྒྱུད་དྲ་མིག་རྩོད་གཞི་འདུམ་འགྲིག་བྱས་ཡོད།
འབྲོམ་ཐོད་ཤང་དུ་སྐྱོད་སྐབས་གསར་འགོད་པས་དྲ་མིག་ཅན་གྱི་ལས་དོན་པ་བསོད་ནམས་བདེ་སྐྱིད་དང་འབྲོམ་ཐོད་ཤང་གི་མི་དམངས་ཉེན་རྟོག་པས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་རེ་རེ་བཞིན་ཞིབ་བཤེར་བྱེད་བཞིན་ཡོད་པ་མཐོང་བྱུང་། བཅར་འདྲི་བྱེད་རིང་དྲ་མིག་ཅན་གྱི་ལས་དོན་པས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་གི་མེ་ཟོན་བདེ་འཇགས་བྱེད་ཐབས་དང་འཕྲོད་བསྟེན་ཁོར་ཡུག་སོགས་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་ལྷག་པའི་གནད་དོན་དུས་ཐོག་ཏུ་བཏོན་པར་མ་ཟད། བཅོས་སྒྲིག་བྱེད་དགོས་པའི་བརྡ་ཐོའང་བཏང་སྟེ་ཚོང་ཁང་གི་སྦྱིན་བདག་དང་ལས་དོན་པར་མེ་ཟོན་བདེ་འཇགས་དང་།བཟའ་བཅའི་བདེ་འཇགས།ངལ་རྩོལ་འགན་ལེན་སོགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་ཁོང་ཚོའི་ཁྲིམས་སྲུང་གཉེར་སྐྱོང་གི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད།
བསོད་ནམས་བདེ་སྐྱིད་ཀྱིས་ངས་རྒྱུན་དུ་དུད་ཚང་དུ་བསྐྱོད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཤེས་རྟོགས་དང་།སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས། བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་སོགས་ཐད་ཀྱི་ལས་དོན་སྒྲུབ་ཀྱི་ཡོད།ལས་དོན་དེ་དག་ནི་གཞན་གྱི་ངོས་ནས་དོན་ཆུང་ཞིག་ཏུ་ངོས་འཛིན་གྱི་ཡོད་མོད། འོན་ཀྱང་ང་ཚོ་དྲ་མིག་ཅན་གྱི་མིག་ལམ་དུ་དོན་དག་ཆེན་པོ་ཞིག་ཏུ་བརྩི་ཡི་ཡོད། 2024ལོར་ང་ཚོས་དུད་དཔོན་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་འགལ་བ་དང་རྩོད་གཞི་ཁག་12འདུམ་འགྲིག་བྱས་པ་ཚང་མ་འདུམ་འགྲིག་ལེགས་གྲུབ་བྱུང་བ་དང་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ཁག་153གྲལ་བཤེར་བྱས་ཡོད་ཅེས་བཤད།
དུས་མཚུངས་འབྲོམ་ཐོད་ཤང་གིས་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་བྱས་ནས་ལྟ་སྐུལ་དང་གྲོས་མོལ་བྱེད་སྒོ་སྤེལ་ཞིང་། དེའི་ནང“དྲོ་སྐྱིད”འདུམ་སྒྲིག་ཁང་གིས་ནུས་པ་གལ་ཆེན་ཐོན་ཡོད། དེར་བརྟེན་རང་སྐྱོང་ལྗོངས་ཀྱི“འདུམ་སྒྲིག་ཁང་ཡག་ཤོས”ལ་བདམས་རྗེས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་དང་ཤང་དང་གྲོང་རྡལ་གྱི་བརྡ་ཐོ་འབྱོར་མ་ཐག་སྡེ་ཚན་གྱིས་འབྱོར་ཐོ་འགོད་པའི་ལམ་སྲོལ་སྤྱད་དེ་དམངས་འཚོའི་འདུ་འགོད་མང་པོ་ལག་ལེན་དུ་བསྟར་ནས་མང་ཚོགས་ཀྱི་རེ་ཞུ་55ཐག་གཅོད་བྱས་པ་དང་བྱ་བ་དངོས་46བསྒྲུབས་ཡོད།
འབྲོམ་ཐོད་ཤང་གི“འདུམ་སྒྲིག་ཁང་ཡག་ཤོས”སུ་འདུམ་འགྲིག་པས་མང་ཚོགས་ཀྱི་རེ་ཞུར་ངང་རྒྱུད་རིང་པོས་ཉན་པ་དང་།ཁོང་ཚོས་དུས་ངེས་མེད་ངང་གནས་ཚུལ་ཞིབ་ཕྲ་སྐད་ཆ་ཡག་པོ་འདྲི་བ་དང་བསྟུན་ནས་འགག་གནད་ཆེ་བའི་གནད་དོན་མྱུར་དུ་ཟིན་ཐོ་གསལ་པོ་བཀོད་ཀྱི་ཡོད།དེ་དག་གནད་དོན་ཐག་གཅོད་བྱེད་པའི་ཁུངས་སྣེར་གྱུར་ལ་མང་ཚོགས་ལ་འགན་འཁྲི་ཡག་པོ་ཁུར་བ་མཚོན་གྱི་ཡོད། སྐར་ཁུང་མདུན་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་དེ་དག་ལ་རེ་འདུན་འདྲ་མིན་སྣ་ཚོགས་ཡོད་མོད། འོན་ཀྱང་འདུམ་འགྲིག་པ་ཚོས་ཐོག་མཐའ་བར་གསུམ་དུ་ཁོང་ཚོར་ངང་རྒྱུད་རིང་པོ་དང་ཆེད་ལས་ལ་བརྟེན་ནས་མང་ཚོགས་ཚང་མར་རེ་བ་སྦྱིན་གྱི་ཡོད་ལ་སེམས་གསོའང་གཏོང་གི་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་དུས་བདེ་གཞུང་དོན་ཁང་གི་ལས་དོན་པ་ཚེ་བརྟན་སྒྲོལ་དཀར་གྱིས་འདི་ལོ་ནས་བཟུང་ང་ཚོས་འགལ་བ་དང་རྩོད་གཞི་75འདུམ་འགྲིག་བྱས་པར་སྣེ་ལེན་བྱེད་ཚད་བརྒྱ་ཆ་100དང་འདུམ་འགྲིག་བྱེད་ཚད་བརྒྱ་ཆ་100ཟིན་ནས་བརྒྱ་གཉིས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་སྟབས།ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་དེ་བཞིན་ཕྱོགས་མིའི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་བཤད།
ཕྱིས་འབྱུང་འབྲོམ་ཐོད་ཤང་གིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ་དང་། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། དེ་བས་འཐུས་སྒོ་ཚང་བའི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པ་བཅས་བྱས་ཏེ་དམངས་ཡོངས་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱ་རྒྱུ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社