分享按钮

(པར་ངོས་དང་པོར་མཐུད)ནུས་པ་སྔར་ལས་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པ་དང་། ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པས་རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ་ལག་གདང་སྦྲེལ་ནས་མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་ཚོཊ་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དེང་རབས་ཅན་གྱི་ཕུགས་འདུན་དོན་གཉེར་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཕྲག་ཏུ་ཁུར་བའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སྨྱན་སྦྱོར་རིག་མཛོད་ལ་འཕྲད་པའི་ཐུན་མོང་གི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཀྱང་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས་དཔྱད་བསྡུར་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་བསྡུ་བྱས་ནས། ལྷོ་ཕྱོགས་ཀྱི་རེ་འདུན་ཐུན་མོང་ཐོག་སྒྲོག་པ་དང་། ལྷོ་ཕྱོགས་ཀྱི་འགན་འཁྲི་མངོན་པར་བྱས་ཏེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེ་ཞི་བདེར་སྲུང་སྐྱོང་བྱེད་མཁན་གྱི་སྟོབས་ཤུགས་བརྟན་པོ་ཞིག་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་སྟོབས་ཤུགས་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྨྱན་སྦྱོར་རིག་མཛོད་ཀྱི་མཐོ་རིམ་གླེང་སྟེགས་ཉིན་དེར་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་འགོ་ཚུགས་ཤིང་།གླེང་སྟེགས་དེ་ཤིན་ཧྭ་གསར་འགྱུར་ཁང་དང་པར་ཙིར་འཕྲིན་གཏོང་ཀུང་སིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། གཙོ་དོན་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་གཙོ་དོན་མཆོག་ཏུ་བཟུང་ནས་འཕེལ་རྒྱས་དང་དར་རྒྱས་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་དགོས་ཞེས་པ་དེ་རེད། ཉིན་དེར་པར་ཙིར་གྱི་སྲིད་འཛིན་ལུའུ་ལ་ཡིས་ཀྱང་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-13 6 6 拉萨日报藏文 c190890.html 1 /enpproperty-->